[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • སྨར་ཁམས་རྫོང་གི་གྲོང་ཚོར(གྲོང་ལྷན)བཅའ་སྡོད་ལས་དོན་རུ་ཁག་ཁག་གིས“བརྒྱུད་རོགས་འཁྲིད”གསུམ་གྱི་ནུས་པ་འདོན་སྤེལ་བྱེད་པ།

    གཞི་རིམ་རྩ་འཛུགས་སྟོབས་ཆེར་བཏང་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-25

    ཉེ་བའི་ལོ་ཤས་རིང་། སྨར་ཁམས་རྫོང་གི་གྲོང་ཚོར(གྲོང་ལྷན)བཅའ་སྡོད་ལས་དོན་རུ་ཁག་61གིས་དོན་དངོས་ལ་གཞིས་ཚུགས་པ་དང་དུས་རབས་གསར་པའི་ལས་བྱེད་པ་གྲོང་སྡོད་ཀྱི“གཙོ་གནད་ལས་འགན་ཁག་བདུན”ལ་དམིགས་ནས“བརྒྱུད་རོགས་འཁྲིད”གསུམ་གྱི་བྱེད་སྒོར་ཐབས་མང་མཉམ་སྤྱོད་ཀྱིས་གྲོང་ཚོའི་ལས་བྱེད་པའི་དཔུང་ཁག་གི་བྱང་ཚད་མཐོར་གཏོང་ལ་སྐུལ་འདེད་བཏང་ནས་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོ་གཏིང་ཟབ་སྤེལ་བ་རེད།

    སྨར་ཁམས་རྫོང་གི་གྲོང་ཚོར(གྲོང་ལྷན)བཅའ་སྡོད་ལས་དོན་རུ་ཁག་ཁག་གིས“ཕྱོགས་དྲུག་ཐད”ཀྱི་བླང་བྱར་དམིགས་ནས། གྲོང་ཚོ་དང་དུད་ཚང་ལ་བརྟག་ཞིབ་བྱེད་པའི་ཇུས་གཞི་བཟོ་བ་དང་། གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ལས་བྱེད་པ་དང་དེའི་རྗེས་གྲབས་ལས་བྱེད་པ་དུས་བཀག་ལྟར་སྒྲིག་འཛུགས་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བརྒྱུད་རིམ་ལྡན་ལ་གཏིང་ཟབ་པའི་སྒོ་ནས་སློབ་སྦྱོང་དང་། ཆབ་སྲིད་ཀྱི་སློབ་གསོ་དང་ཏང་གཤིས་ཀྱི་སློབ་གསོ་ཐེངས་1200ལྷག་ཙམ་སྤེལ་བ་མ་ཟད། གྲོང་ཚོའི(གྲོང་ལྷན)ལས་བྱེད་པ་ཧྥུའུ་ཅན་དང་། ཁྲུང་ཆིང་། ཐེན་ཅིན་སོགས་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དུ་སློབ་སྦྱོང་གསོ་སྦྱོང་ལ་མངགས་པ་རེད།

    སྨར་ཁམས་རྫོང་གི་གྲོང་ཚོར(གྲོང་ལྷན)བཅའ་སྡོད་ལས་དོན་རུ་ཁག་ཁག་གིས“གཅིག་རེ་བདུན”གྱི་དམིགས་ཚད་ངེས་གནས་གཞིར་བཟུང་། གྲོང་ཚོའི(གྲོང་ལྷན)ལས་བྱེད་པའི་ལས་རིགས་འཆར་འགོད་ཚད་ལྡན་བཟོ་བ་དང་། ལས་བྱེད་པའི“མི་དོན་ཡིག་ཚགས”བརྒྱུད་རིམ་ལྡན་པའི་ངང་བཟོ་བ། ལས་བྱེད་པར་ཁུར་པོ་ལྕི་རུ་གཏོང་བ་དང་ལས་འགན་སྤྲད་དེ་ལས་བྱེད་པ་མི་རེ་ངོ་རེར་ལས་གནས་གཅིག་ནས་གཉིས་བར་རམ་ཡང་ན་ལས་འགན་ཁ་ཤས་གཏན་འཁེལ་བྱེད་པ། “ཐུན་མོང་བཞིའི”ལས་གནས་དངོས་ཀྱི་གསོ་སྦྱོང་འཆར་གཞི་ཡོད་པར་སྤེལ་ཏེ་ལས་བྱེད་པར“གང་བྱེད་དགོས་པ་དང་ཇི་ལྟར་བྱེད་དགོས་ལུགས”གསལ་པོར་བསླབས་ཡོད། རིག་གནས་ཀྱི་རྨང་གཞི་དང་། ཏང་དོན་དང་། གྲོང་དོན། ནོར་དོན་བཅས་ཀྱི་ཞན་ཆར་གཞིས་བཙུགས་ནས“སློབ་ཁང་དང་ལག་ལེན་ཟུང་དུ་འབྲེལ་བའི”བྱེད་སྟངས་ལ་བརྟེན་ནས“བཅུ་ལྡན”མཚན་མོའི་སློབ་གྲྭ་བཙུགས་ཏེ་རྨང་གཞིའི་གཞུང་ལས་མཉེན་ཆས་དང་། ལས་ཀའི་ཉམས་མྱོང་དང་བྱེད་སྟངས། ཏང་འཛུགས་སྐྱོང་གི་ལས་དོན་སྒྲུབ་སྟངས་སོགས་གྲོང་ཚོའི(གྲོང་ལྷན)ལས་བྱེད་པར་ཕྱོགས་ཡོངས་ནས་སློབ་ཁྲིད་བྱས་པ་རེད།

    སྨར་ཁམས་རྫོང་གི་གྲོང་ཚོར(གྲོང་ལྷན)བཅའ་སྡོད་ལས་དོན་རུ་ཁག་ཁག་གིས“གྲོང་ཚོའི(གྲོང་ལྷན)ལས་བྱེད་པས་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ་དང་གྲོང་སྡོད་ལས་བྱེད་པར་ཐབས་ཇུས་འདོན་པའི”བསམ་ཕྱོགས་མཐའ་འཁྱོངས་ཀྱིས་གྲོང་སྡོད་ལས་དོན་རུ་མི་དང་གྲོང་ཚོའི(གྲོང་ལྷན)ལས་བྱེད་པར་ཐོན་ཁུངས་མཉམ་སྤྱོད་ཀྱི“སྦྲེལ་ཐག”སྦྲེལ་མཐུད་དང་། འགྲོ་ལམ་འཚོལ་བར་གནད་དང་གནད་ཀྱིས་རོགས་རམ། ཇུས་གཞི་བཟོ་བར་སློབ་ཁྲིད། གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་འཕེལ་རྒྱས་འཆར་འགོད་61འཐུས་སྒོ་ཚང་དུ་གཏོང་བ། རྗེས་གྲབས་ལས་བྱེད་པའི་སློབ་གསོ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཏང་དོན་དང་། གྲོང་དོན། ནོར་དོན་བཅས་ཀྱི“འགྲན་བསྡུར་ཆེ་མོ”དུས་བཀག་ལྟར་སྒྲིག་འཛུགས་བཅས་བྱས་ཡོད།

    སྨར་ཁམས་རྫོང་གི་གྲོང་ཚོར(གྲོང་ལྷན)བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་དམངས་ཀྱི་གནས་ཚུལ་འདྲི་རྩད་དང་དམངས་ཀྱི་འདོད་བློ་ཤེས་རྟོགས་བྱས་ཏེ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཐད་ལྷག་པའི་དཀའ་གནད་དང་གནད་དོན་368གསེད་བཀྲོལ་ནན་ཏན་དང་། མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་476འཚོལ་བསྡུ་དང་ལེགས་སྒྲིག གྲོང་ཚོ“ཨུ་ལྷན་གཉིས”ལ་འཕེལ་རྒྱས་ཀྱི་བསམ་ཕྱོགས་358གསལ་བཟོ་བྱེད་རོགས། འཕེལ་རྒྱས་ཀྱི་འཆར་འགོད་332ཞིབ་འཇུག་བྱས་ནས་བཟོ་བ། གྲོང་ཚོར(གྲོང་ལྷན)“ཨུ་ལྷན་གཉིས”ཀྱིས་ལས་ཀའི་རྩིས་ཁྲ་འཐུས་སྒོ་ཚང་དུ་གཏོང་རོགས། ལོ་འཁོར་གྱི་ལས་འགན་ཁག་བགོས་དང་འཕེལ་རིམ་རེའུ་མིག་བཟོ་བ་བཅས་བྱས་ཡོད།

    ཞིང་འབྲོག་ཁུལ་དུ་གད་སྙིགས་གང་བྱུང་དུ་དབྱུག་པ་དང་། ཕྱུགས་རིགས་གང་བྱུང་དུ་གློད་པ། འབུད་ཤིང་གང་བྱུང་དུ་སྤུངས་པ་སོགས་ཀྱི་སྣང་ཚུལ་མཐའ་གཅིག་ཏུ་བཅོས་སྒྲིག་བྱེད་པ་དང་ཆབས་ཅིག རྒྱག་རེས་རྒྱག་པ་དང་། ཉེས་རྡུང་གཏོང་བ། ཆང་རག་ཚོད་མེད་འཐུང་བ། རྒྱན་པོ་འགྱེད་པ་སོགས་བཅོས་སྐྱོང་གི་གཙོ་གནད་དུ་བརྩིས་ནས“ཤེས་དཔལ་ལྡན་པའི་ཡུལ་སྲོལ་དུད་ཚང་ཁྲི་སྟོང་མང་པོར་ཁྱབ་པར་བྱེད་པའི”བྱེད་སྒོ་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་སྤེལ་ཏེ“མི་སེར་ཚོ་བདེ་སྐྱིད་ལྡན་པ་དང་། སྣོད་བཅུད་མཛེས་སྡུག་ལྡན་པའི”གྲོང་གསེབ་གསར་པ་ཞིག་ནུས་ཤུགས་ཡོད་རྒུས་འཛུགས་སྐྲུན་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།