[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ལྗོངས་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་འཐུས་ཚབ་མི་སྣའི་བླ་སྤྲུལ་གྱི་ཡང་སྲིད་དོ་དམ་གྱི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་གཉེར་འགོ་ཚུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-26

    ཚེས་23ཉིན། ལྗོངས་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་འཐུས་ཚབ་མི་སྣའི་བླ་སྤྲུལ་གྱི་ཡང་སྲིད་དོ་དམ་གྱི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་ལྷ་སར་གཉེར་འགོ་ཚུགས་ཤིང་། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བསོད་ནམས་རིག་འཛིན་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་གསུང་བཤད་གནང་བ་རེད།

    ཚོགས་འདུའི་ཐོག ཆེད་དོན་གསོ་སྦྱོང་འཛིན་གྲྭར་ཞུགས་མཁན་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་འཐུས་ཚབ་མི་སྣས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི“ཚད་གཞི་བཞི”སློབ་སྦྱོང་གཏིང་ཟབ་དང་ཕྱོགས་ཡོངས་ནས་ལག་བསྟར་དང་། བླ་སྤྲུལ་གྱི་ཡང་སྲིད་དོ་དམ་གྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་། ཆོས་ལུགས་ཀྱི་ངེས་སྲོལ། ལོ་རྒྱུས་ཀྱི་བསྟན་སྲོལ་བཅས་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་། བླ་སྤྲུལ་ཁག་གི་ཡང་སྲིད་ནི་སྔར་ནས་ད་བར་དུ་ཆོས་ལུགས་ཀྱི་བྱ་བ་གཅིག་པུ་མིན་ལ་བླ་སྤྲུལ་མི་སྒེར་གྱི་དབང་ཆ་དེ་བས་མིན་པར། ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱས་པའི་མཚོན་ཚུལ་གལ་ཆེན་ཞིག་ཡིན་པ་གསལ་སྟོན་བཅས་བྱེད་དགོས། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཛ་དྲག་ལ་རྙོག་འཛིང་ཆེ་བའི་དུས་བབ་ཀྱི་མདུན་དུ། རང་ལྗོངས་ཀྱི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་བླ་མ་སྐྱེས་ཆེན་ཚོས་བློ་རྩ་བརྟན་པོས་མདུན་དུ་ལངས་ཏེ་འགྲན་སློང་ཆེན་པོ་བསུ་བ་དང་། དཀའ་ངལ་ཆེ་རིགས་ལ་ཁ་གཏད་གཅོག་པ། རྙོག་འཛིང་ཆེ་བའི་འཐབ་རྩོད་ཀྱི་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ། བོད་བརྒྱུད་ནང་བསྟན་གྱི་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས། རང་ལྗོངས་ཀྱི་བོད་བརྒྱུད་ནང་བསྟན་གྱི་བྱ་བ་དང་དགོན་པའི་དོ་དམ་ལ་ཏཱ་ལའི་རུ་ཚོགས་ཀྱི་ཚོད་འཛིན་ཏིལ་འབྲུ་ཙམ་ཡང་མི་ཕོག་པ་བཅས་བྱས་ནས་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་ཀྱི་རྣམ་པ་བཟང་པོར་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་བསྟན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།