[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • གཞིས་རྩེ་གྲོང་ཁྱེར་གྱིས་ཚན་རྩལ་བཀོལ་སྤྱོད་ལ་བརྟེན་ནས་ཞིང་ལས་ཀྱི་ཕྱོགས་སྒྱུར་རིམ་སྤོར་ལ་རོགས་སྐུལ་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-26

     ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱིས་ཞིང་ལས་ཚན་རྩལ་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ། ཞིང་ལས་ཚན་རྩལ་གླིང་དུ་ཞིང་ལས་ཀྱི་སྒྲིག་བཀོད་གསར་པ་དང་། ལག་རྩལ་གསར་པ། སྣ་ཁ་གསར་པ། གྲུབ་འབྲས་གསར་པ་བཅས་ཁྱབ་གདལ་བཏང་ནས་སྲོལ་རྒྱུན་ཞིང་ལས་ཀྱི་ཕྱོགས་སྒྱུར་རིམ་སྤོར་ལ་རོགས་སྐུལ་བྱས་པ་རེད།

    གཞིས་རྩེ་གྲོང་ཁྱེར་གྱིས་གསར་དུ་བསྐྲུན་པའི་ཞིང་ལས་ཚན་རྩལ་གླིང་གིས་རིག་ནུས་དྲོད་ཁང་དང་། འགྱིག་ཤོག་དྲོད་ཁང་ཆེ་མོ་དཔེ་གསར། སྦུ་གུས་ཞིང་ཆུ་གཏོང་བའི་སྒྲིག་ཆས་སོགས་ཚན་རྩལ་གྱི་ལེ་ལག་ཚང་བའི་སྒྲིག་བཀོད་གསར་པ་བེད་སྤྱད་པ་དང་། གཅིག་སྡུད་རྣམ་པའི་རིམ་པ་མང་བའི་འདེབས་གསོ་དང་ནུས་ཆེའི་རྩི་ཤིང་བཟོ་གྲྭ་སོགས་སྔོན་ཐོན་ལག་རྩལ་སྤྱད་པར་ཞིང་ལས་ཚན་རྩལ་གླིང་གིས་དུས་ཚིགས་བཞི་ཀར་ཐོན་སྐྱེད་ཐུབ་ཀྱི་ཡོད། དེ་དང་ཆབས་ཅིག སྔ་རྗེས་སུ་རྒྱལ་ཁབ་འདྲེ་ཚེར་མའི་འདུ་འགོད་ལག་རྩལ་ཞིབ་འཇུག་ལྟེ་གནས་དང་། ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་། བོད་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་སོགས་ཚན་པ་དང་ཕྱོགས་ཡོངས་ནས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས་ཏེ་ཐོན་སྐྱེད་དང་། སློབ་སྦྱོང་། ཞིབ་འཇུག་བཅས་འབྲེལ་མཐུད་ཡག་པོར་སྐུལ་འདེད་བཏང་ནས་འདྲེ་ཚེར་མའི་ཕབ་རྩི་དང་། འདྲེ་ཚེར་མའི་སྣུམ། འདྲེ་ཚེར་མའི་ཇ་ལོ་སོགས་ལས་སྣོན་ཞིབ་ཚགས་བྱས་པའི་ཐོན་རྫས་ཁག་གཅིག་ཞིབ་འཇུག་གསར་སྤེལ་ཐུབ་ཡོད། མི་ཐབས་ཀྱི་རིག་ནུས་དང་ཚོར་ཆས་མཉམ་འདྲེས་ལག་རྩལ་སྤྱད་དེ་ཤིང་ཏོག་དང་སྔོ་ཚལ་འཐུ་བའི་འཕྲུལ་མི་ཤིང་ཏོག་དང་སྔོ་ཚལ་འཐུ་རིང་བེད་སྤྱད་པས་རྙོག་འཛིང་ཆེ་བའི་ཤིང་ཏོག་དང་སྔོ་ཚལ་འཐུ་བའི་དཀའ་གནད་བསལ་བ་མ་ཟད། ལས་ཕྱོད་ཀྱང་འགན་ལེན་ཐུབ་ཡོད། རྩི་ཤིང་སྲུང་སྐྱོང་གི་མི་མེད་འཕྲུལ་ཆས་བེད་སྤྱད་དེ་ཞིང་ཁར་སྨན་གཏོར་བ་སོགས་ལས་སྒོ་སྤེལ་བའི་ལས་ཕྱོད་སྲོལ་རྒྱུན་གྱི་མི་ཐབས་ལས་ལྡབ་30ཡིས་ཆེ་བ་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།