[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཀྱིས་དམིགས་ཚད་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་ཕྱོགས་སུ་སྤེལ་བ།

    དངོས་གནས་དམ་འཛིན་དང་ལེགས་བཅོས་བྱས་ནས་ཉམས་འགྱུར་གསར་པ་མངོན་པར་བྱས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-27

     “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཏང་ཙུའུ་ཡིས་དམིགས་ཚད་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། གནད་དོན་ཤེས་རྟོགས། གནད་དོན་ལ་ཞིབ་ལྟ། གནད་དོན་ཐག་གཅོད་བཅས་ཟུང་འབྲེལ་དམ་ཟབ་བྱས་ཏེ། བརྗོད་དོན་གཙོ་བོའི་སློབ་གསོར་ཕན་འབྲས་དངོས་ཐོབ་རྒྱུར་སྐུལ་འདེད་བཏང་བ་རེད།

    བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནས་བཟུང་། རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཏང་ཙུའུ་ཡིས་སློབ་སྦྱོང་དང་། བརྟག་ཞིབ། ཞིབ་བསྡུར་བཅས་མཐའ་འཁྱོངས་ཀྱིས། ཏང་ཀྲུང་དབྱང་གིས་བཀོད་སྒྲིག་བྱས་པའི་ལས་འགན་ཁག་དོན་འཁྱོལ་དང་། གནམ་གཤིས་དེང་རབས་ཅན་དུ་འགྱུར་བ། ལས་བྱེད་ལས་བཟོའི་ཚུར་སྣང་ལན་ཆ་ཆེ་ལ་གླེང་མང་བ་དང་དཀའ་གནད་ཀྱི་གནད་དོན་སོགས་ལ་དམིགས་ཏེ། དམིགས་ས་ཡོད་པའི་སྒོ་ནས་ཏང་འཛུགས་སྐྱོང་གི་མི་དོན་ཤེས་ལྡན་མི་སྣ་དང་། གཞི་རིམ་གནམ་གཤིས་ལས་སྒོའི་ཞབས་ཞུའི་ནུས་པ། གཞི་རིམ་གནམ་གཤིས་ཀྱི་ཉེན་འགོག་གེགས་སེལ་མ་ལག་འཛུགས་སྐྱོང་སོགས་ཀྱི་ཆེད་དོན་བརྟག་ཞིབ་འཆར་གཞི་7བཟོས་པ་དང་། བརྟག་ཞིབ་ཚོགས་ཆུང་7བཙུགས་ནས་གྲོང་ཁྱེར(ས་ཁུལ)7དང་། རྫོང་14དང་དེ་བཞིན་རིམ་པ་དེའི་ནང་བཙུགས་པའི་ལས་ཁུངས་དང་ཐད་གཏོགས་བྱ་གཞག་ཚན་པ་20རུ་བསྐྱོད་དེ། མངོན་གསལ་དོད་པའི་གནད་དོན་46གསེད་བཀྲོལ་ཕྱོགས་བསྡུས་བྱས་པ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་དང་འགལ་བའི་གནད་དོན་120ཕྱོགས་ཡོངས་ནས་འཚོལ་བཤེར་བྱས་པ་རེད།

    གནད་དོན་གྱི་གནད་འགག་གང་དུ་ཡོད་མེད་འཚོལ་ཐུབ་པས་རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཏང་ཙུའུ་ཡིས“སྒྱུར་བཅོས”ཐད་ཤུགས་སྣོན་བརྒྱབ་པ་དང་དངོས་གནས་དམ་འཛིན་དང་ལེགས་བཅོས་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོར་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་བཏང་བ་རེད།

    ཚོད་སྐོར་གྱི་གཏད་རྒྱུག་གནམ་གཤིས་སྔོན་བརྡ་སྔ་སྣུར་དུ་གཏོང་ཚད་དང་། དྲག་ཆར་གྱི་གནམ་གཤིས་སྔོན་བརྡ་གནད་ལ་འཁེལ་ཚད། གཞི་རིམ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ལྟ་དཔྱད་ཚད་འཇལ་ས་ཚིགས་ཀྱི་དྲ་བ་འཐུས་སྒོ་ཚང་དུ་གཏོང་ཤུགས་སོགས་དམིགས་ཚད་མ་ལོན་པའི་གནད་དོན་11ལ་གཞིགས་ཏེ། རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཀྱིས《གནམ་གཤིས་དེང་རབས་ཅན་དུ་འགྱུར་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཀྱི་2019ལོའི་ལས་ཀའི་གཙོ་གནད》བཀྲམ་པ་དང་། 《བོད་རང་སྐྱོང་ལྗོངས་ཀྱི་སྲུང་སྐར་རྒྱང་ཚོར་བཀོལ་སྤྱོད་ལྟེ་གནས་ཀྱི་རྨང་གཞིའི་ནུས་པ་འཛུགས་སྐྱོང》དང《བོད་ཀྱི“གཙང་པོ་གཉིས་དང་ཆུ་བོ་བཞི”རྒྱུག་ཁུལ་གྱི་རྒྱང་ཚོར་གནས་ཚུལ་ལྟ་ཞིབ་ཚད་ལེན་དང་སྣོད་བཅུད་ཁོར་ཡུག་གི་ཕན་འབྲས་ཚོད་སྐོར》སོགས་ཀྱི་དེང་རབས་ཅན་གྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལག་བསྟར་བྱས་པ་དང་། ས་ངོས་ཀྱི་གནམ་གཤིས་ལྟ་དཔྱད་ཚད་འཇལ་རང་འགུལ་ཅན་གྱི་རྣམ་གྲངས་ལག་བསྟར་བྱས་པ་དང་། ལྗོངས་ཡོངས་ཀྱི་གནམ་གཤིས་སྔོན་བརྡར་བརྟེན་ནས་གནད་སྨིན་དབུལ་སྒྲོལ་ལ་རམ་འདེགས་བྱེད་པའི་རང་འགུལ་གནམ་གཤིས་ལྟ་ཞིབ་ཚད་འཇལ་ས་ཚིགས་490བསྐྲུན་རྒྱུར་སྐུལ་དེད་ཧུར་ཐག་བཏང་བ། འདི་ལོའི་ཟླ་དགུ་པའི་ཟླ་མཇུག་ཏུ་ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ་དུ་རང་འགུལ་ས་ཚིགས་ཕྱོགས་ཡོངས་ལ་ཁྱབ་རྒྱུ་བརྩོན་ལེན་བྱེད་པ་སོགས་རྣམ་གྲངས་དེ་དག་སྐྲུན་རྗེས། གཞི་རིམ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་སུ་ནུས་ལྡན་འགྲོ་རྒྱུ་མ་ཟད། རང་ལྗོངས་ཀྱི་གཏད་རྒྱུག་གནམ་གཤིས་ཀྱི་སྔོན་བརྡ་གནད་ལ་འཁེལ་ཚད་དང་སྔ་སྣུར་དུ་གཏོང་ཚད་མངོན་གསལ་དོད་པོས་ལེགས་སུ་འགྲོ་རྒྱུ་རེད།

    གཞི་རིམ་གནམ་གཤིས་ཀྱི་ཉེན་འགོག་གེགས་སེལ་གྱི་མ་ལག་ཉམས་ཞན་གྱི་ཞན་ཆར་དམིགས་ནས། རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཀྱིས《བོད་ཀྱི་གཞི་རིམ་གནམ་གཤིས་གནོད་འཚེའི་ཉེན་ཟོན་ཞབས་ཞུའི་ནུས་པ་འཛུགས་སྐྱོང་གི་ཇུས་གཞི》བཀྲམ་པ་དང་། རྫོང་40ཡི་གནམ་གཤིས་གནོད་འཚེ་འགོག་པའི“གཅིག་རེ་དྲུག”གི་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས། 2022ལོར་སླེབས་སྐབས་གཞི་རིམ་གྱི་གནམ་གཤིས་ཉེན་འགོག་གེགས་སེལ་གྱི“གཅིག་རེ་དྲུག”ཚད་ལྡན་ཅན་གྱི་འཛུགས་སྐྱོང་ཕྱོགས་ཡོངས་ལ་ཁྱབ་རྒྱུ་རེད།

    ལོ་སྟོད་དུ་རང་ལྗོངས་ཀྱི་ལྷོ་ནུབ་རྒྱུད་ཀྱི་ས་ཁུལ་དུ་བསྟུད་མར་གངས་བབས་པ་དང་། ཟླ་དྲུག་པར་གཙང་པོ་རྒྱུག་ཁུལ་དུ་བསྟུད་མར་གནམ་དྭངས་ནས་ཆར་ཆུ་དཀོན་པའི་གནམ་གཤིས་བསྟན་པ། ཟླ་བདུན་པར་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་ཆེན་པོར་བསྟུད་མར་ཆར་པ་བབས་པའི་གནམ་གཤིས་བསྟན་པ་སོགས་གཙོ་གནད་གནམ་གཤིས་ཀྱི་བརྒྱུད་རིམ་དང་གནོད་འཚེའི་རང་བཞིན་གྱི་གནམ་གཤིས་ལ་དམིགས་ནས། རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཀྱིས་གནམ་གཤིས་ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡའི་ཞབས་ཞུའི་ལས་དོན་ལ་ཤུགས་སྣོན་རྒྱུན་ཆད་མེད་པར་བརྒྱབ་སྟེ། གཙོ་གནད་གནམ་གཤིས་ཀྱི་བརྒྱུད་རིམ་ཚང་མར་ལྟ་ཞིབ་ཚད་ལེན་ནན་པོ་དང་། སྔོན་བརྡ་གནད་འཁེལ། དུས་ཐོག་ཏུ་ཞབས་ཞུ་བཅས་བྱས་པ་དང་། ཁྱོན་དྲག་ཆར་གྱི་སྔོན་བརྡ་ཐེངས་5བཏང་བ་དང་། གནམ་གཤིས་ཞབས་ཞུའི་འཕྲིན་ཐུང་ཐེངས་800ལྷག་ཙམ་བཏང་བ། རང་སྐྱོང་ལྗོངས་ཆུ་བེད་ཐིང་དང་མཉམ་འབྲེལ་བྱས་ཏེ་ཆུ་ལོག་གནོད་འཚེའི་གནམ་གཤིས་ཉེན་ཁའི་སྔོན་བརྡ་ཐེངས་17བཏང་བ་བཅས་ལས་ཉེན་འགོག་གེགས་སེལ་དང་ཉེན་སྐྱོབ་ལས་དོན་སྤེལ་རྒྱུར་འདེགས་སྐྱོར་ནུས་ལྡན་བྱས་ཡོད་པ་རེད།

    གཞན་ཡང་། མཚོ་བོད་ལྕགས་ལམ་ལྷ་ས་ཡན་ལག་ཀུང་སི་དང་མཚོ་སྔོན་ཞིང་ཆེན་གནམ་གཤིས་ཅུས་དང་མཉམ་ལས་བྱས་ཏེ་མཚོ་བོད་ལྕགས་ལམ་ལས་རིགས་ཀྱི་གནམ་གཤིས་ཞབས་ཞུའི་ལས་དོན་གཏིང་ཟབ་སྤེལ་བ་དང་། རིགས་ཁག་གི་སྔོན་བརྡའི་ཞབས་ཞུའི་ཆ་འཕྲིན་ཐེངས་992ཡོངས་བསྒྲགས་བྱས་པ་དང་། རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་དང་མཉམ་ལས་བྱས་ཏེ་གཞུང་ལམ་འགྲིམ་འགྲུལ་གནམ་གཤིས་ཞབས་ཞུའི་ཆ་འཕྲིན་ཐེངས་184ཡོངས་བསྒྲགས་བྱས་ཡོད། ལྗོངས་ཡོངས་ཀྱི་རྒྱལ་ལམ་གྱི་ས་ཚིགས་39ལ་དངོས་ལྗོངས་ལྟ་ཞིབ་ཚད་ལེན་བྱས་པ་དང་། དུས་ཐོག་ཏུ་སྤྱི་བདེ་ཐིང་འགྲིམ་འགྲུལ་དོ་དམ་ཅུས་དང་། འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ལམ་དྲ་ལྟེ་གནས་དང་དེ་བཞིན་ལྗོངས་ཡོངས་ཀྱི་ཁ་ལོ་བ་དང་འགྲུལ་པར་བགྲོད་ལམ་དུ་གངས་འབབ་པ་དང་། གངས་གསོག་ཐེབས་པ། ལྷགས་པ་ཆེན་པོ་རྒྱག་པ། མིག་མཐོང་ཚད་སོགས་ཀྱི་གནམ་གཤིས་འགྱུར་ལྡོག་གི་གནས་ཚུལ་དངོས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་བྱས་པ་དང་། ཡུལ་སྐོར་གནམ་གཤིས་ཀྱི་ཞབས་ཞུ་ཧུར་ཐག་སྒྲུབ་སྟེ་ཡུལ་སྐོར་སྡེ་ཚན་ལ་ལྗོངས་ཡོངས་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་32ལ་གནམ་གཤིས་ཞབས་ཞུའི་ཆ་འཕྲིན་ཐེངས་179མཁོ་འདོན་བྱས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།