[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • འཚོ་བ་གསར་པར་དྲིན་ཚོར་གྱིས། རླབས་ཆེན་ཏང་ལ་བསྟོད་གླུ་ལེན།

    —— མངའ་རིས་ས་ཁུལ་མཚོ་ཆེན་རྫོང་ཆུ་ལྷོ་ཤང་གིས“སྣང་ཆེན་བཞི་དང་དགའ་ཞེན་བཞི”ལག་བསྟར་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-28

    འདི་ལོ་ནི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བའི་ལོ་གསུམ་པ་དེ་རེད། “སྣང་ཆེན་བཞི་དང་དགའ་ཞེན་བཞི”ཉིན་རེ་བཞིན་གཏིང་ཟབ་སྤེལ་བ་དང་བསྟུན་ནས་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པ་བཅས་རང་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཤིག་ལ་གྱུར་ཡོད། མངའ་རིས་ས་ཁུལ་མཚོ་ཆེན་རྫོང་ཆུ་ལྷོ་ཤང་གི་མང་ཚོགས་ཀྱིས་བྱ་ཐབས་གསར་གཏོད་བྱས་ཏེ“སྣང་ཆེན་བཞི་དང་དང་དགའ་ཞེན་བཞིའི”གླུ་གཞས་བརྩམས་ནས་མང་ཚོགས་ཁྲོད་བརྒྱུད་གཏོང་རྒྱ་ཁྱབ་དང་། ལག་ལེན་དངོས་ལ་བརྟེན་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞི”ལག་བསྟར་དང་གསལ་འགྲེལ་བྱས་ཡོད།

    གསར་འགོད་པ་དང་བཅས་པ་རླངས་འཁོར་ལ་བསྡད་དེ་ཆུ་ལྷོ་ཤང་དུ་སླེབས་སྐབས། ཆུ་ལྷོ་ཤང་གི་མང་ཚོགས་རྣམས་གྲོང་ཚོ་ཨུ་ལྷན་གྱི་སྒོ་རའི་ནང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”གླུ་གཞས་ནང་སྦྱོང་བྱེད་བཞིན་འདུག མང་ཚོགས་ཚོས་རང་རྩོམ་རང་འཁྲབ་བྱེད་པའི་གླུ་གཞས་དེ་ཆུ་ལྷོ་ཤང་དུ་སྐད་གྲགས་ཅུང་ཆོད་ནས་ཚང་མས་བརྒྱུད་གཏོང་བྱེད་ཤེས་པ་མ་ཟད་བྱིས་པ་ཚོས་ཀྱང་ཚིག་རེ་གཉིས་གཏོང་ཤེས་ཀྱི་ཡོད། རིག་གནས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་ཆེད། ཆུ་ལྷོ་ཤང་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ས་གནས་དེ་གའི་ཁྱད་ཆོས་ལྡན་ལ། ཏང་གི་བཀའ་དྲིན་དྲན་པ་དང་ཏང་གི་བཀའ་དྲིན་ཚོར་བའི་ཤང་གི་གླུ་གཞས་དང་གྲོང་ཚོའི་གླུ་གཞས་ཀྱང་རྩོམ་བཟོ་བྱས་ཡོད།

    ཉེ་བའི་ལོ་ཤས་རིང་། ཆུ་ལྷོ་ཤང་གིས“སྣང་ཆེན་བཞི་དང་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དེ་ལས་ཀ་གལ་ཆེན་ཞིག་ལ་བརྩིས་ནས་དམ་འཛིན་ལྷོད་མེད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཕྱི་ཚུལ་ཙམ་གྱི་ལས་ཀ་དེ་ལག་ལེན་དངོས་ལ་གྱུར་བར་བྱེད་པ་དང་། “བྱས་རྗེས་འཇོག་ཐུབ”ན“གནས་བབ་ལྡན་རྒྱུ”མཐའ་འཁྱོངས་ཀྱིས་དམིགས་སའི་རང་བཞིན་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད། འགོ་ཁྲིད་ལ་ཤུགས་སྣོན་དང་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་བས་དྲིལ་བསྒྲགས་བསམ་བློའི་ལས་དོན་ལ་དོ་སྣང་བྱེད་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་མ་ཟད་ནུས་པ་འདོན་སྤེལ་ནུས་ལྡན་ཐུབ་ཡོད།

    “ལོ་དེ་དག་ནང་ཏང་གི་དམངས་ཕན་སྲིད་ཇུས་འོག་འཚོ་བ་ཇེ་ལེགས་སུ་སོང་བ་དང་། ཟས་གོས་སྡོད་གསུམ་ལ་སེམས་ཁྲལ་མེད་ལ། དབང་པོ་སྐྱོན་ཅན་ཡིན་པའི་གཅུང་པོར་ཡང་རོགས་སྐྱོར་ཆེན་པོ་གནང་བྱུང་བས་སྔ་ཕྱི་བར་གསུམ་དུ་ང་ཚོའི་ཏང་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ནི་ཏང་ཡོན་ཞིག་ཡིན་ལ་གྲོང་ཚོའི་ལས་བྱེད་པ་ཞིག་ཀྱང་ཡིན་པས་ངེས་པར་དུ་ཏང་གི་སྲིད་ཇུས་གསར་ཤོས་དེ་དག་ཤེས་ཚེ། སྔོན་ཐོན་དཔེ་སྟོན་གྱི་ནུས་པ་འདོན་ཐུབ་པ་དང་གྲོང་ཚོའི་ཞབས་ཞུའི་ལས་དོན་ཡག་པོ་སྒྲུབ་ཐུབ་ངེས་རེད་སྙམ་གྱི་འདུག”ཅེས་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་རྗེས་ཟླ་བར་སྐུལ་ལྕག་ཆེན་པོ་ཐེབས་ནས་དེ་ལྟར་བརྗོད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་སློབ་སྦྱོང་བྱས་རྗེས་ཁོང་ལ་ཕན་པ་ཆེན་པོ་ཐོབ་ཅིང་། ཁོང་གིས་གྲོང་མི་ཕལ་ཆེ་བ་རྒྱ་ཡིག་མི་ཤེས་པས་གྲོང་སྡོད་ལས་དོན་རུ་ཁག་གི་ས་ནས་བོད་ཡིག་གི་པར་གཞི་བཙལ་འཚོལ་བྱས་པ་མ་ཟད། གྲོང་མི་ཚོར་གསལ་འགྲེལ་དེ་བས་ཁ་གསལ་བ་ཞིག་བྱ་ཆེད་ཁོང་གིས་ཚོགས་ཆེན་བཅུ་དགུ་པའི་བོད་ཡིག་པར་གཞི་ངག་སྐྱོར་གཏོང་རྒྱུའི་སེམས་ཐག་བཅད།

    མིག་སྔའི་བར། ཆུ་ལྷོ་ཤང་རིམ་པ་བཞིའི་སྒྲོག་འགྲེལ་རུ་ཁག་འབྲོག་ཁུལ་དང་། ལས་སྒྲུབ་ས་ཚིགས། སྦྲ་གུར་བཅས་སུ་བསྐྱོད་དེ་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་། “སྣང་ཆེན་བཞི་དང་དང་དགའ་ཞེན་བཞི” དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས། ཞིང་སྐྱོར་ཞིང་ཕན་སྲིད་ཇུས་སོགས་སྒྲོག་འགྲེལ་ཐེངས་80ལྷག་ཙམ་བྱས་ནས་ཡོངས་ཁྱབ་ཐུབ་ཚད་95%ཟིན་ཡོད།

    ཆུ་ལྷོ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་བཀྲ་བསོད་ཀྱིས་ངོ་སྤྲོད་བྱས་པ་གཞིར་བཟུང་། ཆུ་ལྷོ་ཤང་གིས་རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་སློབ་གསོར་མུ་མཐུད་དམ་འཛིན་ཡག་པོ་བྱས་ཏེ་ལས་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་གཏོང་རྒྱུ་མ་ཟད། འབྲོག་ཁུལ་གྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་གྱི་གཡུལ་ས་འཛུགས་སྐྱོང་ལ་ཤུགས་སྣོན་ཡང་རྒྱག་རྒྱུ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།