[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ལྷ་ས་གྲོང་ཁྱེར་གྱིས་རྨང་གཞིའི་སློབ་གསོ་སྲ་བརྟན་དང་མཐོར་གཏོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ།

    འབྱུང་འགྱུར་ལོ་3གྱི་ནང་སློབ་གྲྭ་སྣ་ཚོགས་50གསར་སྐྲུན་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-29

    ཉེ་དུས། གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། སློབ་གསོ་དེང་རབས་ཅན་ལ་སྐུལ་མ་མགྱོགས་མྱུར་གཏོང་བ་དང་། སློབ་གསོ་སྟོབས་ཆེའི་གྲོང་ཁྱེར་སྐྲུན་པ། མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་གཉེར་བ་བཅས་བྱ་ཆེད། ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་རྨང་གཞིའི་སློབ་གསོ་སྲ་བརྟན་དང་མཐོར་གཏོང་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་གྱིས《ལྷ་ས་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་གྱི་སློབ་གསོའི་སྒྲིག་ཆས་བཀོད་སྒྲིག་འཆར་འགོད》བཏོན་ནས་བར་མཐོངས་བཀོད་སྒྲིག་ལུགས་མཐུན་དང་ཐོན་ཁུངས་བཀོད་སྒྲིག་དོ་སྙོམས་ཀྱི་སློབ་གསོའི་སྒྲིག་ཆས་དྲ་བ་རིམ་བཞིན་བསྐྲུན་རྒྱུ་རེད། གྲོང་ཁུལ་གྱི་སློབ་གྲྭའི་བཀོད་པ་ལེགས་སུ་བཏང་ནས་ལོ་3ནང་གཞུང་འཛུགས་བུ་བཅོལ་ཁང་30དང་། སློབ་ཆུང་14 དམའ་འབྲིང་4 མཐོ་འབྲིང་2བཅས་གསར་སྐྲུན་དང་ལྷ་ས་གྲོང་ཁྱེར་གྱི་པེ་ཅིང་སློབ་འབྲིང་གནས་སྤོ་གསར་སྐྲུན་བྱས་ཏེ་སློབ་གསོའི་གྲོང་འདི་ཉིད་ནུབ་རྒྱུད་ས་ཁུལ་གྱི་སློབ་གསོ་དེང་རབས་ཅན་གྱི་དཔེ་སྟོན་ཁུལ་དུ་གཏོད་རྒྱུ་རེད། 2020ལོར་ཤང་གྲོང་ཚང་མར་ཉུང་མཐར་ཡང་གཞུང་བཙུགས་ལྟེ་བའི་བུ་བཅོལ་ཁང་རེ་ཡག་པོ་གཉེར་བ་དང་གྲོང་ཚོའམ་ཡང་ན་གྲོང་སྦྲེལ་གྲོང་ཚོ་ཚང་མར་དགོས་ངེས་ཀྱི་བུ་བཅོལ་ཁང་ངམ་ཡང་ན་སློབ་ཁྲིད་ས་ཚིགས་ཡག་པོ་གཉེར་ཏེ་2022ལོར་སླེབས་སྐབས་གྲོང་ཁྱེར་དེ་ཡོངས་ཀྱི་སློབ་ཞུགས་གོང་གི་ལོ་གསུམ་གྱི་བྱིས་པ་བུ་བཅོལ་ཁང་དུ་སྐྱོད་ཚད་93%ཡན་ཟིན་པ་དང་། ལྗོངས་ཡོངས་ཀྱི་དཔེ་སྟོན་རང་བཞིན་གྱི་བུ་བཅོལ་ཁང་3ནས་5བར་བསྐྲུན་རྒྱུ། གྲོང་ཁྱེར་དེ་ཡོངས་ཀྱི་དཔེ་སྟོན་རང་བཞིན་གྱི་བུ་བཅོལ་ཁང་10ནས་15བར་བསྐྲུན་རྒྱུ། 2019ལོར་འཛིན་གྲྭ་གཅིག་ལ་སློབ་མ་མང་བའི་གནད་དོན་སྤྱིར་མེད་པ་བཟོ་རྒྱུ། 2022ལོར་སླེབས་སྐབས་འཛིན་གྲྭ་གཅིག་ལ་སློབ་མ་མང་བའི་གནད་དོན་ཕྱོགས་ཡོངས་ནས་མེད་པ་བཟོ་རྒྱུ། བུ་བཅོལ་ཁང་གི་འཛིན་གྲྭ་རེར་ཆ་སྙོམས་སློབ་མ་30ལས་མི་བརྒལ་བ་དང་། སློབ་ཆུང་གི་འཛིན་གྲྭ་རེར་སློབ་མ་45ལས་མི་བརྒལ་བ། སློབ་འབྲིང་གི་འཛིན་གྲྭ་རེར་སློབ་མ་55ལས་མི་བརྒལ་བ་བཅས་བྱ་རྒྱུ་རེད།

    ལྷ་ས་གྲོང་ཁྱེར་གྱིས་འོས་འགན་སློབ་གསོའི་སློབ་གྲྭའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་རྒྱུར་སྐུལ་འདེད་བཏང་སྟེ་ཞིང་འབྲོག་ཁུལ་གྱི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་གཉེར་བའི་ཆ་རྐྱེན་གཙོ་གནད་ཐོག་ལེགས་སུ་བཏང་ནས་སློབ་གྲྭའི་སློབ་མ་ཡོངས་ལ“ཆུ་ཚད་མཐོ་བའི་འགན་ལེན་ལྔ”མངོན་འགྱུར་ཡོང་བ་དང་། གྲོང་ཁྱེར་ཡོངས་ཀྱི་རྨང་གཞིའི་སློབ་གསོའི་སློབ་ཁྲིད་སྤུས་ཚད་ཆེད་དོན་མཐོར་གཏོང་བྱ་སྤྱོད་ལག་བསྟར་བྱས་ཏེ་རྨང་གཞིའི་སློབ་ཁྲིད་སློབ་གསོའི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་སློབ་གྲྭ་འབྲིང་ཆུང་གི་དཔེ་སྟོན་སློབ་ཚན་རྩེ་གྲ་ཁག་གཅིག་ལོ་རེ་བཞིན་བཏོད་དེ་2019ལོར་རྫོང(ཆུས)ཚང་མར་རྨང་གཞི་དོ་སྙོམས་འཕེལ་རྒྱས་མངོན་འགྱུར་ཡོང་བ་དང་སྤུས་ལེགས་དོ་སྙོམས་འཕེལ་རྒྱས་ཀྱི་བསྡུར་གྲངས་20%ཟིན་པ་བྱ་རྒྱུ་རེད། སློབ་གྲྭ་འབྲིང་ཆུང་གི་ཁུར་པོ་ཡང་དུ་གཏོང་བའི་ལམ་སྲོལ་བཙུགས་ནས“ཁུར་པོ་ཡང་དུ་གཏོང་བའི་གསལ་ཐོ”བཟོས་ཏེ་སློབ་གྲྭ་འབྲིང་ཆུང་གི་སློབ་གསེང་གི་ཁུར་པོ་ཡང་དུ་གཏོང་བ་དང་གྲོང་ཁྱེར་དུ་ལས་ཀར་ཡོང་མཁན་གྱི་བུ་ཕྲུག་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ཡུལ་གཞན་དུ་གནས་སྤོ་བྱས་པའི་བུ་ཕྲུག་གི་སློབ་ཞུགས་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ་2020ལོར་100%གཉིས་དང་སློབ་ཁྲིད་སྤུས་ཚད་གཉིས་ཀ་གྲོང་ཁྱེར་དང་གཅིག་མཚུངས་ཡོང་བ་བྱ་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།