[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཞིང་ལས་དངུལ་ཁང་ལྷ་ས་གྲོང་ནུབ་ཉིང་ལག་དངུལ་ཁང་ལ།

    རྒྱལ་ཡོངས་ཀྱི“གཞོན་ནུ་ཤེས་དཔལ་རྟགས་ཅན”གྱི་མཚན་སྙན་ཐོབ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-01

    ཉིན་ཤས་གོང་། ཞིང་ལས་དངུལ་ཁང་གྲོང་ནུབ་ཉིང་ལག་དངུལ་ཁང་ལ་2017ལོ་ནས་2018ལོ་འཁོར་གྱི་རྒྱལ་ཡོངས་ཀྱི“གཞོན་ནུ་ཤེས་དཔལ་རྟགས་ཅན”གྱི་མཚན་སྙན་ཐོབ་པ་དང་སྦྲགས་ཉེ་དུས་བྱང་བུ་སྤྲོད་པའི་མཛད་སྒོ་འཚོགས་པ་རེད།

    ད་ཕན་ལོ་ཤས་རིང་། ཞིང་ལས་དངུལ་ཁང་ལྷ་ས་གྲོང་ནུབ་ཉིང་ལག་དངུལ་ཁང་གིས་ཐོག་མཐའ་བར་གསུམ་དུ“གཞོན་ནུ་ཤེས་དཔལ་རྟགས་ཅན”གཏོད་འཛུགས་བྱ་རྒྱུ་དེ་མི་སེམས་གཅིག་སྒྲིལ་དང་། དྲང་ནུས་འཕེལ་བ། རྩེ་གྲ་གཏོད་པ་བཅས་ཀྱི་སྒུལ་ཤུགས་གཙོ་བོར་བྱ་རྒྱུ་མཐའ་འཁྱོངས་དང་འབྲེལ། རྩལ་ནུས་འགྲན་བསྡུར་དང་ལས་གནས་དཔྱད་བསྡུར་སོགས་ཀྱི་བྱེད་ཐབས་བརྒྱུད། རྒྱ་ཆེའི་ན་གཞོན་ལས་མིས་རང་འཁྲིའི་ལས་གནས་ཐོག་ལང་ཚོའི་ཕུགས་བསམ་བཏོད་ནས་དུས་རབས་གསར་པར་བྱས་རྗེས་འཇོག་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་པ་རེད།

    ཞིང་ལས་དངུལ་ཁང་ལྷ་ས་གྲོང་ནུབ་ཉིང་ལག་དངུལ་ཁང་གི་ཧང་ཀྲང་གཞོན་པ་ཀའོ་ལིང་གིས“གཞོན་ནུ་ཤེས་དཔལ་རྟགས་ཅན”ནི་གཟི་བརྗིད་མཚན་སྙན་ཞིག་རེད་ལ་དེ་བས་སྒུལ་ཤུགས་ཤིག་ཀྱང་རེད། གྲོང་ནུབ་ཉིང་ལག་དངུལ་ཁང་གིས“གཞོན་ནུ་ཤེས་དཔལ་རྟགས་ཅན”གྱི་སྙིང་སྟོབས་ལག་བསྟར་ནན་ཏན་བྱས་ཏེ། ན་གཞོན་གསར་པའི་བསམ་པའི་ཉམས་འགྱུར་བཟང་པོ་མངོན་པར་བྱས་ནས། སྒྱུར་འཕེལ་བརྟན་གསུམ་ཆེད་ལང་ཚོའི་དྲང་ནུས་མུ་མཐུད་འདོན་སྤེལ་བྱ་རྒྱུ་ཡིན་ཞེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།