[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • རྨང་གཞི་མཐོ་རུ་བཏང་བས་མང་ཚོགས་ལ་ཕན་པ་དངོས་ཐོབ་པ།

    ཟངས་རི་རྫོང་གིས་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-01

    ཉེ་བའི་ལོ་ཤས་རིང་། ཟངས་རི་རྫོང་གིས་སྨན་བཅོས་དམངས་ཕན་ལ་ཤུགས་སྣོན་བརྒྱབ་སྟེ་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་བ་དང་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་དེ་བས་ཆེ་རུ་བཏང་བ་རེད།

    སྨན་བཅོས་མ་ལག་ཁྱོན་ཡོངས་ལ་ཁྱབ་པ། ཟངས་རི་རྫོང་གིས་མི་དམངས་ཀྱི་བདེ་ཐང་སྔོན་ལ་འཕེལ་རྒྱས་གཏོང་བའི་བསམ་ཕྱོགས་མཐའ་འཁྱོངས་བྱས་ཏེ། རྫོང་མི་དམངས་སྨན་ཁང་གིས་ལྟེ་བ་དང་ཤང་དང་གྲོང་རྡལ(གྲོང་ཚོ་རིམ་པའི)སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་རྨང་གཞིར་བྱས་པའི་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པ་དང་བལྟོས་བཅས་འཐུས་སྒོ་ཚང་བའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་བཙུགས་པས། ཞབས་ཞུའི་ནུས་པ་དང་ཞབས་ཞུའི་ཁོར་ཡུག་ཟམ་མི་ཆད་པར་ལེགས་སུ་ཕྱིན་པ་དང་། སྨན་བཅོས་ཐོན་ཁུངས་མགྱོགས་མྱུར་འཕར་ཞིང་། སྨན་བཅོས་ལག་རྩལ་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ཡོད།

    སྤྱི་པའི་འཕྲོད་བསྟེན་ཐད་བྱ་ཐབས་དངོས་བཏོན་པ། ཟངས་རི་རྫོང་གིས་སྤྱི་པའི་འཕྲོད་བསྟེན་ཡག་པོ་སྒྲུབ་པ་སྨན་བཅོས་སྤྱི་ཕན་རང་བཞིན་གྱི་གཙོ་རྒོལ་ཁ་ཕྱོགས་སུ་བརྩིས་ནས་དུད་ཚང་4899ཡི་མང་ཚོགས་ལ་ཁྱིམ་ཚང་གན་འཇོག་ཞབས་འདེགས་ཞུས་ནས་རིམ་དབྱེའི་ནད་བརྟག་སྨན་བཅོས་ཀྱི་ལས་དོན་ལ་སྐུལ་འདེད་བརྟན་པོ་བཏང་བ་དང་། “དྲ་སྦྲེལ+བདེ་ཐང”གི་རྣམ་པར་བརྟེན་ནས་གློག་རྡུལ་ནད་དེབ་སྤེལ་རེས་མ་ལག་གིས་གཙོས་པའི་སྒོ་བསྟེན་དང་། དོས་དྲག སྨན་ཁང་དུ་སྡོད་པ། མཇུག་རྩིས་སོགས་ཕྱོགས་ཡོངས་ཀྱི་ཞབས་ཞུར་ཁྱབ་པའི་དོ་དམ་གདེང་འཇོག་གི་ཆ་འཕྲིན་དྲ་རྒྱ་བཙུགས་པ། སྨན་བཅོས་བོད་སྐྱོར་གྱི་ཁ་གཏད་རོགས་སྐྱོར་ལམ་སྲོལ་དང་ཟུང་འབྲེལ་བྱས་ཏེ་གཡོད་དབྱང་གྲོང་ཁྱེར་མི་དམངས་སྨན་ཁང་གཉིས་པ་དང་རྒྱང་ཁྲིད་རྣམ་པའི་སྙིང་པར་གྱི་ནད་དཔྱད་བྱས་ནས་ནད་པའི་ནད་རྟགས་ཆོད་ཚད་མཐོ་རུ་བཏང་བ་རེད། “ནད་གཞི་གསུམ”རིན་མེད་འདེམས་སྒྲུག་ལས་དོན་ཧུར་ཐག་སྤེལ་ནས་དམངས་ཡོངས་ཀྱི་བདེ་ཐང་བརྟག་དཔྱད་ལ་མི་ཐེངས་16999ཡི་གཟུགས་པོར་བརྟག་དཔྱད་བྱས་པ་དང་བརྟག་དཔྱད་བྱེད་ཚད་100%ཟིན་ཡོད།

    བདེ་ཐང་དབུལ་སྐྱོར་གྱི་རྨང་གཞི་བརྟན་དུ་བཏང་བ། “ནད་ལྟ་དཀའ་བ་དང་སྨན་རིན་མཐོ་བ”དབུལ་པོར་འགྱུར་བ་དང་། དབུལ་པོར་བསྐྱར་ལོག མང་ཚོགས་ཀྱི་ཁྱིམ་ཚང་ལ་དཀའ་ངལ་བཟོ་བའི་གནད་དོན་གལ་ཆེན་ལ་མི་འགྱུར་བར་བྱེད་པའི་དམིཌ་ཚད་གཞིར་བཟུང་། ཟངས་རི་རྫོང་གིས་བདེ་ཐང་དབུལ་སྐྱོར་བྱེད་ཤུཌ་ཆེ་རུ་བཏང་བས་བདེ་ཐང་དབུལ་སྐྱོར་བྱས་པའི་དུད་ཚང་དབུལ་པོའི་ཁ་གྲངས་2017ལོའི་དུད་ཚང་208ཀྱི་མི་223ནས་2018ལོའི་དུད་ཚང་5ཡི་མི་9བར་ཆག་ཡོད།

    བོད་ཀྱི་གསོ་བ་རིག་པའི་རྒྱུན་འཛིན་ལ་ཕན་འབྲས་ཐོན་པ། ཟངས་རི་རྫོང་གིས་སྲོལ་རྒྱུན་གྱི་རིག་གནས་རྒྱུན་འཛིན་ཧུར་ཐག་བྱས་ཏེ་བོད་ཀྱི་གསོ་བ་རིག་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་བ་རེད། མིག་སྔའི་བར་བོད་ཀྱི་གསོ་བ་རིག་པའི་ཞབས་ཞུ་ཤང་གྲོང་འཕྲོད་བསྟེན་ཁང་4དང་གྲོང་ཚོའི་འཕྲོད་བསྟེན་ཁང་16ལ་ཁྱབ་པ་དང་། རྫོང་གི་བོད་ལུགས་སྨན་ཁང་གི་བོད་སྨན་སྣ་ཁ་360ཡན་ཟིན་པ་དང་། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དང་གྲོང་ཚོའི་འཕྲོད་བསྟེན་ཁང་གི་སྨན་རྫས་སྣ་ཁ་120ཡན་ཟིན་ཡོད། གཞན་ཡང་། མེ་བཙའ་རྒྱག་པ་དང་། གསེར་ཁབ་རྒྱག་པ། འཕུར་མཉེད་གཏོང་བ་སོགས་བོད་ཀྱི་གསོ་བ་རིག་པའི་ཁྱད་ལྡན་སྨན་བཅོས་ཀྱི་ཞབས་འདེགས་ཞུ་གི་ཡོད། རྫོང་བོད་ལུགས་སྨན་ཁང་དུ་ནད་གཞི་ལྟ་མཁན་མི་གྲངས་5500ལྷག་ཙམ་ཟིན་ནས། བོད་ཀྱི་གསོ་བ་རིག་པ་དང་བོད་ལུགས་དང་ཕྱི་ལུགས་ཟུང་འབྲེལ་གྱི་སྨན་བཅོས་ཞབས་འདེགས་གཞི་རྩའི་ཆ་ནས་ཞུ་ཐུབ་ཀྱི་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།