[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • འཚོ་བ་གསར་པ་བསྐྱལ། གཟུགས་བརྙན་གསར་པ་བཏོད།

    ལྷ་རྩེ་རྫོང་གི་ཤང་དང་གྲོང་རྡལ་ཁག་གི་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་དང་ཐོན་ལས་རྩལ་ནུས་འགྲན་བསྡུར་གྱི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-01

    ཟླ་བདུན་པར་ལྷ་རྩེའི་ས་གཞི་ཆེ་མོར་དངངས་སྐྲག་ཆེ་ལ་འཁྲུག་ཆ་དོད་པའི་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་དང་ཐོན་ལས་རྩལ་ནུས་ཀྱི་འགྲན་བསྡུར་རྣམ་པ་་ཞིང་ཁའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཤིག་ཏུ་གྱུར་ཡོད།

    བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བར་དྲན་གསོ་ཞུ་བ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་ཆེད། རྫོང་ཨུད་དང་རྫོང་སྲིད་གཞུང་གི་བཀོད་སྒྲིག་འོག་ཤང་དང་གྲོང་རྡལ་11གིས་སྔ་རྗེས་སུ་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་དང་ཐོན་ལས་རྩལ་ནུས་ཀྱི་འགྲན་བསྡུར་བྱས་པ་རེད།

    ལུས་རྩལ་འགྲན་ཚོགས་ལ་རྡོ་འགྱོགས་དང་གཉའ་བཅག་སོགས་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་དང་སྨི་100ཡི་ཐུང་རྒྱུག་དང་ཐག་མཆོང་སོགས་དེང་རབས་ཀྱི་ཁྱད་ཆོས་དང་ཡིད་དབང་འཕྲོག་ཤུགས་ལྡན་པའི་ལུས་རྩལ་རྣམ་གྲངས་མང་པོ་ཡོད། འགྲན་བསྡུར་ལ་ཞུགས་མཁན་མང་ཚོགས་ཀྱིས་ཕན་ཚུན་གཞོགས་འདེགས་དང་ཤུགས་རྒྱོབ་ཅེས་པའི་སྐད་སྒྲ་ཡང་ནས་ཡང་དུ་སྒྲོག་པ་དང་བདེ་སྐྱིད་འཆམ་མཐུན་གྱི་རྣམ་པས་འགྲན་བསྡུར་བྱ་ཡུལ་དུ་དངངས་སྐྲག་ཆེ་ལ་འཁྲུག་ཆ་དོད་པ་མ་ཟད་ངོ་མཚར་ཆེན་པོ་ཡོད་པ་རེད། ཚང་མའི་སྨོན་འདུན་ཁྲོད་བྱ་དགའ་ཐོབ་པའི་མང་ཚོགས་ཀྱི་ངོ་གདོང་ལས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་བཞིན་ཡོད་པ་རེད།

    ཐོན་ལས་རྩལ་ནུས་འགྲན་བསྡུར་ལ་ལག་ཤེས་རིགས་དང་། འདེབས་འཛུགས་རིགས། ལས་སྣོན་རིགས། ཐོན་ལས་རིགས་བཅས་ཀྱི་རྩལ་ནུས་འགྲན་བསྡུར་སྔ་རྗེས་སུ་བྱས་ཤིང་། ཚ་ལ་རྒྱག་རྩལ་དང་ཁ་ལག་བཟོ་རྩལ་སོགས་ཀྱང་ཆབས་ཅིག་འགྲན་བསྡུར་བྱས་པ་རེད། འགྲན་བསྡུར་ལ་ཕམ་ཁ་བྱུང་བའི་མང་ཚོགས་ཚོས་དཔའ་མ་ཞུམ་པར་གཞན་ལ་ཉམས་མྱོང་འདྲི་བ་དང་མྱོང་ཚོར་སྤེལ་རེས་བྱས་ཏེ་ཕྱི་ལོའི་འགྲན་བསྡུར་ལ་བརྩམས་ཆོས་དེ་བས་ལེགས་པ་འཁྱེར་རྩིས་བྱེད་པ་དང་། འགྲན་བསྡུར་ལ་རྒྱལ་ཁ་ཐོབ་མཁན་མང་ཚོགས་ཀྱིས་ཚང་མ་དང་དགའ་དགའ་སྐྱིད་སྐྱིད་བྱས་ནས་བསྡད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།