[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • སྟེང་ཆེན་རྫོང་གིས་ཞིང་འབྲོག་ཁུལ་གྱི་ཉེན་ཁང་སྒྱུར་བཀོད་བྱེད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-01

     འདི་ལོ་ཚུན་དུ། ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་གི་གྲོང་ཚོར(གྲོང་ལྷན)བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་ཉེན་ཁང་སྒྱུར་བཀོད་ཀྱི་སྲིད་ཇུས་དང་ཁྲིམས་སྲོལ་ཁག་ལག་བསྟར་དོན་འཁྱོལ་དང་ལས་རིམ་ཁག་ལག་བསྟར་ནན་པོ་བྱས་ནས། ཉེན་ཁང་སྒྱུར་བཀོད་ལས་དོན་ལ་སྐུལ་འདེད་ནུས་ལྡན་བཏང་བ་རེད། མིག་སྔའི་བར་སྟེང་ཆེན་རྫོང་གིས་དུད་ཚང་402ཀྱི་ཉེན་ཁང་སྒྱུར་བཀོད་བྱས་ཟིན་པ་རེད།

    ལས་དོན་སྤེལ་རིང་། ཉེན་ཁང་སྒྱུར་བཀོད་ལས་དོན་གྱི་ཇུས་གཞི་དང་། ལས་རིམ། ལས་ཀའི་ཚད་གཞི། འཕེལ་རིམ་འཆར་འགོད་བཅས་ལ་ནན་པོར་གཞིགས་ནས། དུད་ཚང་རེ་རེ་བཞིན་གྲལ་བཤེར་ཞིབ་ཚགས་བྱས་ཏེ་དུད་ཚང་གཅིག་ཀྱང་མི་ལུས་པར་བྱས་པ་དང་། ཐོག་མར་བདམས་པའི་ཉེན་ཁང་སྒྱུར་བཀོད་དུད་ཚང་ཁག་ལ་ཞིབ་བཤེར་བྱས་ནས་རིམ་པ་བཞིན་དཔྱད་བསྡུར་གཏན་འབེབས་བྱས་པ་མ་ཟད། ད་དུང་ཉེན་ཁང་སྒྱུར་བཀོད་མིང་ཐོ་ཡོངས་བསྒྲགས་བྱས་ནས། སྡོད་ཁང་ཉེན་ཁ་ཆེ་ཤོས་དང་དཔལ་འབྱོར་འཁོས་ཀ་ཞན་ཤོས་ཀྱི་དུད་ཚང་ཁག་དམིགས་སུ་བཀར་ནས་སྔོན་ལ་སྒྱུར་བཀོད་བྱས་པ་རེད། མིག་སྔའི་བར། སྟེང་ཆེན་རྫོང་གི་གྲོང་ཚོར(གྲོང་ལྷན)བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་ཁྱོན་དུད་ཚང་1628ཀྱི་ཉེན་ཁང་ལ་ཞིབ་བཤེར་བྱས་ཡོད་པ་རེད།

    ཨར་ལས་བྱེད་རིང་། གྲོང་ཚོར(གྲོང་ལྷན)བཅའ་སྡོད་ལས་དོན་རུ་ཁག་ཁག་གི་ལས་དོན་མི་སྣ་རྟག་ཏུ་སྒྱུར་བཀོད་བྱ་ཡུལ་དུ་བསྐྱོད་དེ་ཨར་པོའི་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་སྦྲགས། ཉེན་ཁང་སྒྱུར་བཀོད་ཀྱི་ལག་རྩལ་མི་སྣ་དང་ཨར་པོ་བར་སྒྱུར་བཀོད་ཇུས་གཞི་ལྟར་ཨར་པོ་རྒྱག་དགོས་པ་མ་ཟད། ད་དུང་ཨར་པོའི་བརྒྱུད་རིམ་ཧྲིལ་པོར་རྗེས་འདེད་ལྟ་སྐུལ་བྱས་ནས། ཨར་པོ་རྒྱག་རིང་ཐོན་པའི་གནད་དོན་སྣ་ཚོགས་དུས་ཐོག་ཏུ་ཤེས་རྟོགས་དང་། རྩད་ཞིབ་ཐག་གཅོད། ཡོ་བསྲང་བཅས་བྱས་ཏེ། ལས་གྲྭའི་འཕེལ་རིམ་དང་སྤུས་ཚད་འགན་ལེན་གྱིས་མང་ཚོགས་རྣམས་བདེ་འཇགས་སྡོད་ཁང་དང་བློ་བདེའི་སྡོད་ཁང་དུ་སྡོད་ཐུབ་པར་བྱེད་དགོས་པའི་བླང་བྱ་ཡང་བཏོན་པ་རེད

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།