[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཆབ་མདོས་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་གསོན་ཤུགས་འཕེལ་བར་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-03

    འདི་ལོ་ཚུན་དུ། ཆབ་མདོ་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ཀྱི་ཏང་རྩ་འཛུགས་ཀྱིས་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་གཞི་རིམ་ཏང་ཀྲི་པུའི་རྩ་འཛུགས་ཀྱི་འཚོ་བ་ཚད་ལྡན་དུ་གཏོང་བ་དང་ཏང་ཡོན་ཚོར་སློབ་གསོ་བཏང་ནས་དོ་དམ་ནན་པོ་བྱེད་པའི་དམ་འཛིན་བྱ་གཞི་ནུས་ལྡན་ཞིག་ཏུ་བརྩིས་ནས། རྣམ་པ་སྣ་ཚོགས་ལྡན་ལ་ནང་དོན་ཕུན་སུམ་ཚོགས་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བར་ཕན་འབྲས་དངོས་ཐོབ་ཡོད་པ་རེད།

    གཏན་འཇགས་དང་ཚད་ལྡན་ཟུང་འབྲེལ་བྱེད་པའི་ཆབ་སྲིད་སློབ་གསོར་ཏང་གཤིས་ལྡན་པ། ཏང་ཞུགས་དམ་བཅའ་བསྐྱར་འཇོག་དང་། ས་གནས་ས་ཐོག་ཏུ་ཏང་དངུལ་འཇལ་བ། རིགས་པའི་གཞུང་ལུགས་སློབ་སྦྱོང་སོགས་ཀྱི་གཏན་འཁེལ་བྱ་སྤྱོད་སྤེལ་བ་དང་ཆབས་ཅིག ལས་ཁུངས་ཁག་གི་ཏང་རྩ་འཛུགས་ཀྱིས་ད་དུང་རང་ངོས་ཀྱི་དོན་དངོས་དང་འཚམ་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་ལས་དོན་འཆར་གཞི་བཟོས་པ་རེད། 

    གྲོང་ཨུད་གཞུང་དོན་ཁང་དང་གྲོང་ཁྱེར་སྲིད་གཞུང་གཞུང་དོན་ཁང་སོགས་ཚན་པ་60ལྷག་ཙམ་གྱིས་ཟླ་རེ་བཞིན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན། ཏང་གི་སྒྲིག་ཡིག ཏང་གི་ལོ་རྒྱུས་སོགས་ཀྱི་ནང་དོན་སློབ་སྦྱོང་བྱ་རྒྱུའི་སྒྲིག་འཛུགས་བྱས་པ་བརྒྱུད། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་དེ་ཏང་ཡོན་ལས་བྱེད་པའི་ཏང་གཤིས་འདུ་ཤེས་ལ་ཞུན་བརྡར་སྤྲོད་བྱེད་ཅིག་ཏུ་འགྱུར་བར་བྱས་པ་རེད།

    རང་སྐྱོན་རང་བརྟག་དང་སྐྱོན་བརྗོད་ཟུང་འབྲེལ་བྱེད་པའི་ཉེན་ཟོན་སློབ་གསོར་ཟིལ་རྔམ་ལྡན་པ། ལས་ཁུངས་ཏང་རྩ་འཛུགས་ཁག་གིས་ཏང་ཡོན་སློབ་གསོའི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ནས། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོར་གྱོད་དཔེ་སློབ་ཁྲིད་དང་། གསར་བརྗེའི་སློབ་གསོ། ཉེན་ཟོན་སློབ་གསོ་སོགས་སྤེལ་བ་བརྒྱུད་ཏང་ཡོན་ལས་བྱེད་པ་ཚོར་ཀུན་སྤྱོད་ཆེ་མོ་ཤེས་པ་དང་། སྤྱི་པའི་ཀུན་སྤྱོད་སྲུང་བ། སྒེར་གྱི་ཀུན་སྤྱོད་ནན་པ་བཅས་བྱ་རྒྱུའི་ཁྲིད་སྟོན་བྱས་པ་རེད། གྲོང་ཁྱེར་སྲིད་གྲོས་གཞུང་དོན་ཁང་དང་ཆུ་བེད་ཅུས་སོགས་ཚན་པ་7གྱིས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས། རྒྱལ་གཅེས་རིང་ལུགས་ཀྱི་གློག་བརྙན《མེ་གསོད་དཔའ་བོ》བལྟས་པ་དང་། གྲོང་ཁྱེར་ས་ཡོམ་ཅུས་དང་སྨན་རྩིས་ཁང་གིས་བློ་མཐུན་ཀྲང་ཧྥུའུ་ཆིང་གི་སྔོན་ཐོན་མཛད་རྗེས་ལ་སློབ་སྦྱོང་བྱེད་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ནས། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་དེ་ཏང་ཡོན་ཚོའི་ཏང་གཤིས་ཞུན་བརྡར་བྱེད་པའི་སློབ་ཚན་ཞིག་ཏུ་འགྱུར་བར་བྱས་པ་རེད།

    སྟབས་བསྟུན་དང་གསར་གཏོད་ཟུང་འབྲེལ་བྱེད་པའི་སློབ་སྦྱོང་བྱེད་སྒོར་གསོན་ཉམས་ལྡན་པ། ལས་ཁུངས་ཏང་རྩ་འཛུགས་ལ་མཛུབ་ཁྲིད་བྱས་ཏེ་ལས་རིགས་དང་ལས་གནས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཐོག་ཀྲི་པུའི་ཏང་ཡོན་ཚོའི་བསམ་བློ་དང་། ལས་ཀ འཚོ་བ་བཅས་ཀྱི་དོན་དངོས་ལྟར“ཆུང་བ་དང་། སྟབས་བསྟུན། མགྱོགས་པ”བཅས་ཀྱི་སློབ་སྦྱོང་བྱེད་སྟངས་རྒྱ་སྐྱེད་བཏང་ནས། “ཀློག་རྒྱུ”གཙོ་བོ་དང“ཚོགས་འདུ་འཚོགས་ནས་སློབ་སྦྱོང་བྱེད་པའི”སྒོ་རྒྱག་སློབ་སྦྱོང་བྱེད་སྟངས་བསྒྱུར་ཏེ། སྒོ་ཡངས་པོར་ཕྱེ་ནས“ཏང་གི་ཉིན་མོ་བཏང་བ”རེད། གྲོང་ཨུད་རྩ་འཛུགས་པུས“སློབ་སྦྱོང་སྟོབས་ཆེའི་རྒྱལ་ཁབ”ལས་སྟེགས་དང་། ཏང་གི་སློབ་ཚན་ཆུང་ངུ་དང་སྐད་འཕྲིན་གྲོགས་ཚོགས་བརྒྱུད། དྲ་ཐོག་དང་དྲ་གཤམ་མཉམ་འགུལ་བྱེད་པ་དང་། སློབ་སྦྱོང་སྤེལ་རེས་དུས་ཐོག་ཏུ་བྱེད་པ། འབྲེལ་གཏུག་སྟབས་བདེ་ཡིན་པ་བཅས་ཀྱི་མཉམ་སྤྱོད་ལས་སྟེགས་བཏོད་དེ། བྱེད་སྒོ་དུས་མཚམས་ཧྲིལ་པོ་དང་ཁྱོན་ཡོངས་ལ་ཁྱབ་པར་བྱས་པ་རེད།

    ཁྱད་ལྡན་དང་ཞབས་ཞུ་ཟུང་འབྲེལ་བྱེད་པའི་གསར་གཏོད་བྱེད་སྒོར་ཐུན་མིན་གྱི་ཁྱད་ཆོས་ལྡན་པ། “བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ”དང་ལྟེ་བའི་ལས་དོན་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས། ཏང་ཡོན་ཚོར་སློབ་སྦྱོང་ཁྲོད་ལས་ཀ་བྱེད་པ་དང་ལས་ཀའི་ཁྲོད་སློབ་སྦྱོང་བྱས་ཏེ། ལག་ལེན་ཁྲོད་ནས་ཏང་ནང་ཞུགས་པའི“ཐོག་མའི་བསམ་འདུན”ཡག་པོ་བསྲུང་རྒྱུའི་ཁྲིད་སྟོན་བྱས་པ་རེད། “བདུན་ལྡན་གྲོང་ཁྱེར་མཉམ་གཏོད”ལ་སྐུལ་འདེད་གཏོང་རིང་། གྲོང་ཁྱེར་ཐད་གཏོགས་ཚན་པ་64ཡིས་ཏང་ཡོན་ལས་བྱེད་པ་སྲིད་ཇུས་སྒྲོག་འགྲེལ་དང་ཡ་རབས་སློབ་སྟོན་སོགས་ཀྱི་དང་བླངས་ཞབས་ཞུར་ཞུགས་རྒྱུའི་སྒྲིག་འཛུགས་བྱས་པ་རེད། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བ་དང་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པའི་ཁྲོད། གྲོང་ཁྱེར་སྒྲིག་ཨུད་ཀྱིས་ཞབས་བྲོ་རུ་ཁག་བཙུགས་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུས་པ་དང་། གྲོང་ཨུད་དྲིལ་བསྒྲགས་པུས་རིག་རྩལ་མཉམ་འཁྲབ་སྒྲིག་འཛུགས་བྱས་པར་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་གདེང་འཇོག་ཡག་པོ་ཐོབ་ཡོད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།