[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • སློབ་གྲྭར་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རབ་ཏུ་བཞད།

    —— ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་སློབ་འབྲིང་དུ་བསྐྱོད་པའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-03

    དགེ་རྒན་ཕེང་དབྱི་ལུང་གིས“ང་ཚོའི་སློབ་གྲྭར་བོད་རིགས་དང་། རྒྱ་རིགས། མེའོ་རིགས། མོན་པ་རིགས་སོགས་གྲངས་ཉུང་མི་རིགས་མང་པོ་ཡོད། ང་ཚོ་ཁྱིམ་ཚང་གཅིག་ལྟར་བརྩེ་ཞིང་མཉམ་དུ་འཚོ་བར་རོལ་བཞིན་ཡོད”ཅེས་བརྗོད་པ་དང་། ཁོང་གིས་ཟངས་རི་རྫོང་སློབ་འབྲིང་གིས་སློབ་གསོ་སློབ་ཁྲིད་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་འབྲེལ། མི་རིགས་མཐུན་སྒྲིལ་གྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱ་རྒྱུ་དེ་གནས་བབ་གལ་ཆེན་ལ་བཞག་སྟེ་མི་རིགས་མཐུན་སྒྲིལ་གྱི་ནང་དོན་སློབ་ཚན་ནང་བཀོད་སྒྲིག་དང་དགེ་སློབ་ཚོའི་སེམས་སུ་ཟུག་པ་བྱས་ནས་སློབ་གྲྭའི་ཕྱོགས་གང་སར་རྩ་བ་ཚུགས་ཏེ་མྱུ་གུ་འབུད་པ་དང་། མེ་ཏོག་བཞད་པ། འབྲས་བུ་སྨིན་པ་བཅས་བྱས་ཡོད།

    དྲིལ་བསྒྲགས་སློབ་གསོ་མཐའ་འཁྱོངས་བྱས་ནས་མཐུན་སྒྲིལ་གྱི་རྣམ་པ་བཏོད་པ།

    ལོ་རིམ་བདུན་པའི་ཀུན་སྤྱོད་དང་ཁྲིམས་སྐྱོང་སློབ་ཚན་གྱི་དགེ་རྒན་ཀའོ་ལི་རུང་གིས་སློབ་ཚན་འཚོགས་རིམ་བཞིན་ཕྲུ་གུ་ཚོར་མི་རིགས་མཐུན་སྒྲིལ་གྱི་གལ་ཆེན་རང་བཞིན་སྐོར་ལ་འགྲེལ་བཤད་རྒྱག་གི་ཡོད།

    སློབ་སྤྱི་ལུའོ་ལེ་ཡིས་ང་ཚོས་སློབ་ཁྲིད་ལས་ཀའི་འཐབ་ཕྱོགས་དང་པོའི་ནུས་པ་འདོན་སྤེལ་བྱ་རྒྱུར་མཐོང་ཆེན་བྱེད་པ་མ་ཟད། མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་དེ་རིག་ཚན་ཁག་གི་སློབ་ཁྲིད་ནང་མཉམ་འདྲེས་ཀྱང་བྱེད་ཀྱི་ཡོད། སློབ་གྲྭའི་ཁྱད་ཆོས་ལ་གཞིགས་ཏེ་དྲིལ་བསྒྲགས་འགྲེམས་པང་དང་། སློབ་གྲྭའི་དྲ་བ། གློག་རྡུལ་བརྙན་ཤེལ་སོགས་ཀྱི་བྱེད་ཐབས་བརྒྱུད། མི་རིགས་མཐུན་སྒྲིལ་གྱི་གལ་ཆེའི་རང་བཞིན་དང་དགོས་ངེས་རང་བཞིན་དྲིལ་བསྒྲགས་བྱས་པ་དང་འབྲེལ། མི་རིགས་མཐུན་སྒྲིལ་སོགས་ཀྱི་བྱེད་སྒོ་ཡང་སྤེལ་ནས་སློབ་མ་ཚོར་རང་ངོས་གསར་གཏོད་དང་སློབ་སྦྱོང་བྱེད་པའི་ཐབས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ལ་ངོས་འཛིན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཡོད་ཅེས་ངོ་སྤྲོད་བྱས།

    “སྐད་གཉིས”སློབ་གསོར་སྐུལ་འདེད་བཏང་ནས་སྤེལ་རེས་ཀྱི་རྨང་གཞི་བརྟན་དུ་བཏང་བ།

    དགེ་རྒན་ཕུར་བུ་ཚེ་རིང་གིས“ང་རང་རྒྱ་རིགས་དགེ་རྒན་ཚོ་དང་མཉམ་དུ་ལས་ཀ་བྱེད་པ་དང་འཚོ་བ་སྐྱེལ་སྐབས། མི་རིགས་ཁག་དབར་གཅིག་ལ་གཅིག་འབྲེལ་དང་། ཕན་ཚུན་མཉམ་འདྲེས། ཕན་ཚུན་བྲལ་ཐབས་མེད་པ་བཅས་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱུང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་འབྲེལ་འདྲིས་བྱེད་པའི་བརྒྱུད་རིམ་ནང་ཕན་ཚུན་སྤེལ་རེས་དང་། ཕན་ཚུན་སློབ་སྦྱོང་བྱས་པ་བརྒྱུད་ཐུན་མོང་ཐོག་ཡར་རྒྱས་དང་ཐུན་མོང་ཐོག་འཕེལ་རྒྱས་བྱུང་ཡོད”ཅེས་བརྗོད།

    དགེ་རྒན་གྱི་གཞུང་ལས་ཁང་དུ་ལས་ཀར་ཞུགས་མ་ཐག་པའི་དགེ་རྒན་ཐང་ཝེ་ཅུན་གྱིས་ཕུར་བུ་ཚེ་རིང་གི་ས་ནས་སྟབས་བདེའི་བོད་སྐད་སྦྱོང་བཞིན་ཡོད།

    སློབ་སྤྱི་ལུའོ་ལེ་ཡིས་གསར་འགོད་པར“ཟངས་རི་རྫོང་སློབ་འབྲིང་གིས་ཐོག་མཐའ་བར་གསུམ་དུ་རྒྱ་རིགས་དགེ་སློབ་ཚོར་བོད་ཡིག་སྦྱོང་རྒྱུར་སྐུལ་ལྕག་བྱས་ཏེ་རྒྱ་རིཌ་དགེ་རྒན་གྱིས་བོད་ཡིག་སྦྱོང་བ་དང་ས་གནས་ཀྱི་དམངས་སྲོལ་ལ་རྒྱུས་མངའ་ལོན་པ་བྱ་རྒྱུ་དེ་སློབ་དཔྱོད་བྱེད་སྒོའི་ནང་དོན་གལ་ཆེན་གྱི་གྲས་ཤིག་ལ་བརྩིས་ནས་ཕན་ཚུན་རོགས་རམ་དང་། ཕན་ཚུན་སློབ་སྦྱོང་། སྐྱོན་སྤངས་དགེ་སྒྲུབ་བཅས་བྱས་ནས་མི་རིཌ་ཁག་གི་དགེ་སློབ་ཚོ་ཐུན་མོང་ཐོག་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་བཏང་ཡོད།

    བྱེད་སྒོའི་གཞི་རྟེན་ཕུན་སུམ་ཚོཌ་སུ་བཏང་ནས་སློབ་གསོ་སློབ་ཁྲིད་འགན་ལེན་བྱས་པ།

    སློབ་སྤྱི་ལུའོ་ལེ་ཡིས“ལོ་རེའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་ཟླ་བའི་སྐབས། ང་ཚོས་སྣ་མང་ཕུན་སུམ་ཚོགས་པའི་སློབ་གསོའི་བྱེད་སྒོ་སྤེལ་གྱི་ཡོད”ཅེས་ངོ་སྤྲོད་བྱས་པ་དང་། ཁོང་གིས་སློབ་གསོའི་བྱེད་སྒོ་རབ་དང་རིམ་པ་ཡུན་རིང་སྤེལ་བ་བརྒྱུད། ཟངས་རི་རྫོང་སློབ་འབྲིང་དུ་མི་རིགས་མཐུན་སྒྲིལ་བྱ་རྒྱུ་དེ་དར་སྲོལ་ཞིག་ཏུ་གྱུར་ཡོད་ལ། དགེ་སློབ་མང་པོ་ཞིག་ལ་ལྷོ་ཁ་གྲོང་ཁྱེར་དང་ཟངས་རི་རྫོང་གི“མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མི་སྒེར”སོགས་ཀྱི་གཟི་བརྗིད་མཚན་སྙན་ཡང་ཐོབ་ཡོད། མི་ཚང་མས་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་པ་དང་། ལག་ལེན་པ། ལྟ་སྐུལ་བ་བཅས་བྱེད་རྒྱུའི་བརྩོན་ལེན་བྱེད་ཀྱི་ཡོད།

    སློབ་སྤྱི་ལུའོ་ལེ་ཡིས“མི་རིགས་མཐུན་སྒྲིལ་སློབ་གསོ་ནི་ཀུན་སྤྱོད་སློབ་གསོ་ཞིག་རེད་ལ། རྒྱལ་གཅེས་སེམས་པ་སྐྱེད་སྲིང་བྱེད་པ་ཞིག་དེ་བས་རེད། ང་ཚོས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད་ཕན་འབྲས་ཡག་པོ་ཐོབ་ཡོད། སླད་ཕྱིན་ང་ཚོས་མི་རིགས་མཐུན་སྒྲིལ་གྱི་ནང་དོན་མུ་མཐུད་སྔོག་འདོན་གཏིང་ཟབ་བྱེད་པ་དང་བྱེད་སྒོའི་ཁྱབ་ཁོངས་རྒྱ་སྐྱེད་བཏང་ནས་མི་རིགས་མཐུན་སྒྲིལ་གྱི་ལྟ་བ་མི་སེམས་སུ་གཏིང་ཟབ་ཟུག་པ་བྱ་རྒྱུ་ཡིན”ཞེས་བརྗོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།