[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་དུང་དཀར་གྲོང་རྡལ་དཀྲོགས་གྲོང་ཚོས་ཏང་འཛུགས་སྐྱོང་གིས་འཕེལ་རྒྱས་ལ་སྣེ་ཁྲིད་དང་ཐོན་ལས་ཀྱིས་ཕྱུག་འགྱུར་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-05

    ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་དུང་དཀར་གྲོང་རྡལ་དཀྲོགས་གྲོང་ཚོས་ཏང་འཛུགས་སྐྱོང་ལས་དོན་དང་ཐོན་ལས་ལ་དམ་འཛིན་དང་འཕེལ་རྒྱས་ལ་དམ་འཛིན་བྱེད་རྒྱུ་ཟུང་འབྲེལ་ནུས་ལྡན་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཞིང་འབྲོག་མང་ཚོགས་ཚོའི་འབབ་འཕར་ཕྱུག་འགྱུར་ལམ་བུ་ཇེ་ཡངས་སུ་གཏོང་རོགས་བྱེད་པ། དཀྲོགས་གྲོང་ཚོའི་གྲོང་མི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་རྒྱུར་སྣེ་ཁྲིད་བཅས་བྱས་ཏེ་སྣང་རྫོང་གི“སྒོར་ཁྲི་ལྡན་པའི་གྲོང་ཚོ”དང་པོ་བཏོད་ཡོད།

    ཏང་ཡོན་གྱིས་སྣེ་ཁྲིད་དེ་མཉམ་དུ་མདུན་སྐྱོད་བྱས་ནས་ཀྲི་པུའུ་སྟོབས་ཆེར་བཏང་བ། མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་གཏོང་བ་དང་། སྣང་རྫོང་གི“ཡུལ་སྐོར་གྲོང་ཚོ་ཨང་དང་པོ”གཏོད་པ། དཀྲོགས་གྲོང་ཚོས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་བློ་བཟང་སོགས་ཏང་ཡོན་མི་11གི་སྣེ་ཁྲིད་དེ་ཁག་དང་པོའི་ཞིང་པའི་སྤྲོ་སྐྱིད་ཁང་གི་ཁྱིམ་ཚང་མགྲོན་ཁང་11བཙུགས་པས། དུད་སྦྲེལ་ཚན་པ་6ཚང་མར་ཁྱབ་པ་དང་བསྡོམས་ཉལ་ཁྲི་87བཀོད་སྒྲིག་བྱས་ཡོད། ཞིང་པའི་སྤྲོ་སྐྱིད་ཁང་བཙུགས་པ་ནས་ད་བར་ཁྱོན་ཡུལ་སྐོར་བ་མི་ཐེངས་450ལ་སྣེ་ལེན་ཞུས་པས། མང་ཚོགས་ལ་འབབ་འཕར་སྒོར་ཁྲི་7ལྷག་ཙམ་བྱུང་ཡོད།

    ཏང་ཡོན་དང་མང་ཚོགས་ཀྱི་སེམས་པ་གཅིག་ཏུ་བསྒྲིལ་བས་མང་ཚོགས་ཕྱུག་པོ་ཆགས་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་དང་ཞིང་འབྲོག་མང་ཚོགས་ཀྱི་ཕྱུག་འགྱུར་ཐབས་ལམ་རྒྱ་ཆེར་གཏོང་ཆེད། གྲོང་ཚོའི་ཏང་ཀྲི་པུའུ་ཡིས་ཏང་ཡོན་སྒྲིག་འཛུགས་བྱས་ནས་སྒོ་རའི་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་ཧུར་ཐག་བྱས་པ་དང་། དཀྲོགས་གྲོང་ཚོའི་ཏང་ཡོན་49ཡིས་སྣེ་ཁྲིད་ནས་ཚོད་འདེབས་བྱས་པ་དང་ལག་རྩལ་བྱང་ཆུབ་རྗེས་གྲོང་ཚོ་དེ་ཡོངས་ཀྱི་དུད་ཚང་57གྱི་ཞིང་འབྲོག་མང་ཚོགས་ལ་ཁྱབ་གདལ་བཏང་བ་རེད། གྲོང་ཚོ་དེས་ཁྱོན་སྟར་ཁ་མུའུ་900ལྷག་ཙམ་དང་། ཀུ་ཤུ་མུའུ་150 བོད་ཀྱི་དགུན་ཁམ་མུའུ་100བཏབ་པར་དུད་ཚང་རེར་ཡོང་འབབ་སྒོར་ཁྲི་2ལྷག་ཙམ་བྱུང་ཡོད། ཏང་ཡོན་གྱིས་མང་ཚོགས་ཀྱི་སྣེ་ཁྲིད་པས། མང་ཚོགས་ཀྱི་ཡོང་འབབ་རིམ་བཞིན་མང་དུ་ཕྱིན་ནས་མང་ཚོགས་ཀྱི་སྤྲོ་སེམས་དང་ལས་ཀ་བྱེད་སེམས་སྔར་བས་ཆེ་རུ་ཕྱིན་ཏེ“ཏང་འཛུགས་སྐྱོང་གི་སྟོབས་ཆེན་གྲོང་ཚོ་དང་ཐོན་ལས་ཀྱི་གྲོང་ཚོ་ཕྱུག་པོའི”རྣམ་པ་བཟང་པོ་མངོན་འགྱུར་བྱུང་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།