[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་སྡོད་དཔུང་སྡེ་ཞིག་གིས་ལོ་འཁོར་གྱི་དམག་དོན་དྲག་རྩལ་འགྲན་བསྡུར་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-05

    ཉེ་ཆར། བོད་སྡོད་དཔུང་སྡེ་ཞིག་གིས་2019ལོའི་ལོ་འཁོར་གྱི་དམག་དོན་དྲག་རྩལ་འགྲན་བསྡུར་གཟབ་རྒྱས་ངང་བྱས་ཏེ། དཔུང་སྡེའི་སྦྱོང་བརྡར་གྱི་སྤུས་ཚད་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་དང་། སྦྱོང་བརྡར་གྱི་རྣམ་པ་ཡག་པོ་ཞིག་གཏོད་པ། དཔོན་དམག་ཚོའི་སྦྱོང་བརྡར་བྱེད་སེམས་བཅས་ཆེ་རུ་གཏོང་བཅས་བྱས་ཡོད།

    “ད་རེས་ཀྱི་དྲག་རྩལ་འགྲན་བསྡུར་གྱི་བརྒྱུད་རིམ་ཧྲིལ་པོར་དངོས་འཐབ་ཀྱི་ཚད་གཞི་ལྟར་ཚན་པ་བཀོད་སྒྲིག་བྱས་པ་དང་དེར་དཔྱད་ཞིབ་ཀྱི་རྒྱུ་རྐྱེན་གཙོ་བོ་ཆ་ཚང་བ་དང་། རྩལ་ནུས་སྒྲིག་བཀོད་མཐོ་བ། ལས་སྒྲུབ་དུས་ཚོད་རིང་བ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད། དེ་ནི་དཔོན་དམག་ཚོའི་སྙིང་སྟོབས་གཤིས་རྒྱུད་དང་འཐབ་འཛིང་རྩལ་ནུས་ལ་ཚོད་བགམ་ཆེན་པོ་བྱས་པ་ཞིག་ཡིན་པས། འགན་སྲུང་ནུས་པ་སྔར་བས་ཆེ་རུ་གཏོང་བ་དང་འཐབ་འཛིང་སྙིང་སྟོབས་སྐྱེད་སྲིང་བྱས་ཏེ་སྦྱོར་བརྡར་བྱས་ནས་རྒྱལ་ཁ་བརྩོན་ལེན་བྱེད་པའི་སྐམ་དམག་གི་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་ཕུལ་བྱུང་དཔོན་དམག་ལ་ལས་སྟེགས་ཡངས་པོ་ཞིག་གཏོད་ཆེད་ཡིན”ཞེས་དཔུང་སྡེ་དེའི་ཚན་མོའུ་ཀྲང་གིས་ངོ་སྤྲོད་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།