[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ལྷོ་ཁས་གནད་སྨིན་གསོ་སྦྱོང་བྱས་ནས་ལས་བྱེད་པའི་བྱང་ཚད་གོང་མཐོར་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-05

    འདི་ལོ་ཤར་ཚུན། ལྷོ་ཁ་གྲོང་ཁྱེར་གྱི་ལས་བྱེད་པའི་སློབ་གསོ་དེ་གྲགས་ཅན་སློབ་གྲྭར་བསྐྱོད་པ་དང་། ཆེད་དོན་ཅན་དུ་འགྱུར་བ། བར་བཅུག་འཛིན་གྲྭར་དམ་འཛིན་བྱེད་པ། མངགས་ཐོ་རྣམ་པ། དྲ་བའི་སློབ་ཚན་སོགས་ཀྱི་ཐབས་མང་མཉམ་སྤྱོད་བྱས་ནས་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་ལས་ཀའི་སྤུས་ཚད་གོང་མཐོར་བཏང་སྟེ་བྱང་ཚད་མཐོ་བ་དང་ཆེད་ལས་ཅན་གྱི་ལས་བྱེད་པའི་དཔུང་ཁག་ཅིག་བཏོད་ཡོད་པ་རེད།

    གྲགས་ཅན་སློབ་གྲྭ་དང་འབྲེལ་བ་བྱས་ནས་གསོ་སྦྱོང་གིས་སྤུས་ཚད་གོང་མཐོར་བཏང་ཞིང་། ལྷོ་ཁ་གྲོང་ཁྱེར་གྱིས་དགོས་མཁོ་དང་བསྟུན་ནས་ཀྲེ་ཅང་སློབ་ཆེན་དང་ཝུའུ་ཧན་སློབ་ཆེན་སོགས་མཐོ་སློབ་10ལྷག་ཙམ་དང་མཉམ་ལས་ཀྱི་འབྲེལ་བ་བཙུགས་ནས་མཐོ་སློབ་ཀྱི་གྲགས་ཅན་དགེ་རྒན་ཆེ་མོ་བ་དང་རིགས་གཅིག་མཁས་ཅན་གདན་དྲངས་པ་དང་ཆེད་ལས་ཀྱི་སློབ་གཉེར་བྱ་ཐབས་སྤྱད་དེ་ལས་བྱེད་པར་ཕྱོགས་བསྡུས་གསོ་སྦྱོང་བྱས་ནས་གསོ་སྦྱོང་གི་སྤུས་ཚད་མཐོ་རུ་བཏང་བ་རེད།

    ཆེད་དོན་ཅན་དུ་འགྱུར་བའི་གསོ་སྦྱོང་ལ་བརྟེན་ནས་གནད་སྨིན་ཡོང་བ་བྱས་ཤིང་། བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་པའི་དཔུང་ཁག་འཛུགས་པའི་བླང་བྱར་གཞིགས་ནས་ལྷོ་ཁ་གྲོང་ཁྱེར་གྱིས་གསོ་སྦྱོང་རྣམ་གྲངས་དེ་དག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཆབ་སྲིད་ཀྱི་ནུས་པ། ཕྱོགས་བསྡུས་བྱང་ཚད། ཆེད་ལས་ཆུ་ཚད། དམངས་འཚོ་ལེགས་གཏོང་སོགས་ཆེད་དོན་ཆེན་པོ་ལྔར་ཞིབ་དབྱེ་བྱས་ནས་སློབ་མ་འདེམས་གཏོང་དང་སློབ་ཚན་བཀོད་སྒྲིག་གི་དམིགས་སའི་རང་བཞིན་དང་གནད་སྨིན་རང་བཞིན་འགན་ལེན་བྱས་ཡོད་པ་རེད།

    འཛིན་གྲྭར་བར་འཇུག་གི་ལས་ཀར་དམ་འཛིན་བྱས་ཏེ་གསོ་སྦྱོང་གི་ཞན་ཆ་གསབ་ཅིང་། བོད་སྐྱོར“ཞིང་ཆེན་གསུམ”གྱི་ཞིང་ཨུད་ཏང་གི་སློབ་གྲྭ་དང་སྲིད་འཛིན་སློབ་གླིང་སོགས་ཀྱི་སྤུས་ལེགས་སློབ་གསོའི་གསོ་སྦྱོང་ཐོན་ཁུངས་ལ་བརྟེན་ནས་ལྷོ་ཁའི་སློབ་མ་39སྒྲིག་འཛུགས་བྱས་ཏེ“བར་བཅུག་འཛིན་གྲྭར་བར་འཇུག”རྣམ་པ་བརྒྱུད་ས་གནས་ཀྱི“གཞོན་དར་འཛིན་གྲྭ”དང“རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པའི་གཟབ་སྦྱོང་འཛིན་གྲྭར”བཀོད་སྒྲིག་བྱས་ནས་གྲོང་ཁྱེར་དེ་ཡོངས་ཀྱི་ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་གི་ཐོན་ཁུངས་མི་འདང་བའི་ཞན་ཆ་སྔར་བས་གསབ་ཡོད་པ་རེད།

    མངགས་ཐོའི་རྣམ་པའི་གསོ་སྦྱོང་ལ་བརྟེན་ནས་གཞན་སྒྱུར་ཡོང་བར་སྐུལ་འདེད་བཏང་ཞིང་། མིག་སྔའི་བདེ་སྐྱིད་ཁྱིམ་གཞིས་ཀྱི་ཁུལ་གསར་འཛུགས་སྐྲུན་དང་། ཞབས་ཞུ་རྣམ་པའི་སྲིད་གཞུང་གཏོད་པ། དབུལ་སྒྲོལ་འགག་སྒྲོལ་སོགས་ལས་དོན་ཁྲོད་ཀྱི་གླེང་མང་བའི་དཀའ་གནད་ལ་དམིགས་ཏེ་འབྲེལ་ཡོད་ལས་རིགས་ཁོངས་གཏོགས་ཀྱི་ལས་སྒོའི་རྐང་འཛིན་པ་200ལྷག་ཙམ་འདེམས་མངགས་བྱས་ནས“མངགས་ཐོ་རྣམ་པའི”གསོ་སྦྱོང་ནང་ཞུགས་པ་དང་ལྗོངས་ཕྱིའི་དཔེ་མཚོན་ཉམས་མྱོང་དཔྱད་གཞིར་འཛིན་ཏེ་འཕེལ་རྒྱས་ཡོང་བར་རམ་འདེགས་བྱས་ཡོད་པ་རེད།

    དྲ་བའི་སློབ་ཚན་འཚོགས་པའི་གསོ་སྦྱོང་བརྒྱུད་དངོས་ཕན་ཐོབ་པ་བྱས་ཤིང་། རྒྱང་ཁྲིད་སློབ་གསོ་དང་། སློབ་སྦྱོང་སྟོབས་ཆེན་རྒྱལ་ཁབ་ཀྱི་APPསོགས་ལས་སྟེགས་བརྒྱུད་སློབ་ཆས་ལ་བརྟེན་ནས་ལེ་ཚན་དམིགས་འཛུགས་དང་། བརྙན་ལམ་ནས་ཟུར་ཁྲིད། དྲ་ཐོག་ནས་དྲི་བ་དྲིས་ལན་སོགས་ཀྱི་བྱ་ཐབས་སྤྱད་དེ་སློབ་གསོའི་སློབ་སྦྱོང་རྒྱུན་རྣམ་ཅན་དུ་འགྱུར་བ་བྱས་པས་གསོ་སྦྱོང་ལས་དོན་གྱི་བབ་བསྟུན་རང་བཞིན་དང་སྟབས་བསྟུན་རང་བཞིན་ཆེ་རུ་ཕྱིན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།