[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ནག་ཆུ་གྲོང་ཁྱེར་གྱིས་དམངས་ཡོངས་ཀྱི་རྩྭ་འདེབས་ཤིང་འཛུགས་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-07

    འདི་ལོ་ཚུན་དུ། ནག་ཆུ་གྲོང་ཁྱེར་གྱིས་ཀྲེ་ཅང་གི“གྲོང་ཚོ་སྟོང་དཔེ་སྟོན་དང་གྲོང་ཚོ་ཁྲི་བཅོས་སྒྲིག”འདུ་འགོད་ཀྱི་ཉམས་མྱོང་སློབ་སྦྱོང་དང་ཁྱབ་གདལ་གཏིང་ཟབ་གཏོང་བ་དང་། གང་ཐུབ་ཅི་ཐུབ་དང་། ནུས་པས་ལྕོགས་ཚོད་སྒྲུབ་པ། དོན་དངོས་དང་མཐུན་པ། སྤྱོད་གོ་ཆོད་པ་དང་སྤྱོད་ཤན་ཆེ་བ། མང་ཚོགས་བློ་ཡིད་ཚིམ་པ་བཅས་ཀྱི་རྩ་དོན་ལ་གཞིགས་ནས། སྣོད་བཅུད་སྲུང་སྐྱོང་དང་དམངས་ཕྱུག་དམངས་ཁེའི་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་འདུན་པ་སྐོང་ཐབས་བྱས་ཡོད།

    ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གྱིས་ཞིང་འབྲོག་ཁུལ་གྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་གི་ལོ་གསུམ་གྱི་བྱ་སྤྱོད་ལག་ལེན་ཤུགས་ཆེན་བསྟར་ཏེ། ཡུལ་བབ་དང་བསྟུན་ནས་ཁོར་ཡུག་བཅོས་སྒྲིག་ལ་དམ་འཛིན་ཡག་པོ་བྱས་ཤིང་། ཕྱོགས་ཁག་གི་སྟོབས་ཤུགས་དང་ལྷག་པར་དུ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ནང་རྒྱ་ཁྱབ་ངང་ཞུགས་རྒྱུ་སྐུལ་སློང་དང་། གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་དང་བཙོག་ཆུ་བཅོས་སྒྲིག “གསང་སྤྱོད་གསར་བརྗེར”སྐུལ་འདེད་གཏོང་བ། ཞིང་འབྲོག་ལས་ཐོན་སྐྱེད་གཙང་སྦྲ་ཅན་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་སྲུང་སྐྱོང་གཞི་གཅིག་ཅན། གྲོང་སྡེ་འཕེལ་རྒྱས་སྣོད་བཅུད་ཅན་བཅས་མངོན་འགྱུར་ཧུར་ཐག་ཡོང་བར་བྱས་ནས་སྣོད་བཅུད་སྡོད་མལ་ལ་འཚམ་པའི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱས་པ་རེད།

    ནག་ཆུ་གྲོང་ཁྱེར་གྱིས་རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྱོང་ལ་ཤུགས་སྣོན་ཧུར་ཐག་བརྒྱབ་པ་དང་རང་བྱུང་རྩྭ་ཐང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། སྐྱས་སྤོས་རྩྭ་གསོའི་འདུ་འགོད་དང་། མི་ཐབས་ལ་བརྟེན་ནས། རྩྭ་འདེབས་པའི་འདུ་འགོད། རྩྭ་ཁ་འབྱེད་པའི་ལས་དོན། རྩྭ་ཁ་བཀག་པ་དང་། རྩྭ་ར་སྙོལ་བ། ཕྱུགས་འཚོ་རེས་ཀྱི་ལམ་ལུགས། རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་ཁ་གསབ་བྱ་དགའི་ལམ་སྲོལ་བཅས་མུ་མཐུད་ལག་བསྟར་ཡག་པོ་བྱས་ཏེ་རྩྭ་ཐང་གི་དུག་རྩྭ་དང་། གནོད་འབུ། ཨ་བྲའི་གནོད་འཚེ་བཅས་ཀྱི་འགོག་བཅོས་ལ་ཤུགས་སྣོན་བརྒྱབ་ནས་རྩྭ་ཐང་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།