[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བརྗོད་དོན་གཙོ་བོ་ཁོང་དུ་ནན་པོ་ཆུད་པ་བྱེད་དགོས།

    —— ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོར་སྐུལ་མ་ཏན་ཏིག་གཏོང་རྒྱུའི་སྐོར་གྱི་གླེང་ཐེངས་གཉིས་པ།

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།   ​བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |    སྤེལ་དུས།   2019-09-08

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང“ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ཏང་གི་རིགས་པའི་གཞུང་ལུགས་དང་ལག་ལེན་ཡོད་དོ་ཅོག་གི་བརྗོད་དོན་གཙོ་བོ་ཡིན”ཞེས་ཁ་གསལ་བསྟན་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སྲོག་ཤིང་གི་ནང་དོན་གལ་ཆེན་ཞིག་ཡིན་པས། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོར་སྐུལ་འདེད་ཏན་ཏིག་བཏང་སྟེ་ངེས་པར་དུ་ཆབ་སྲིད་ཀྱི་མཐོ་ཚད་དང་བསམ་བློ་དང་བླ་སྲོག་གི་གཏིང་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་ལ་གོ་བ་ལེན་ཚད་ཟབ་ཏུ་གཏོང་དགོས། འདི་ནི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་གྲུབ་འབྲས་ཐོབ་པར་འགན་ལེན་བྱེད་པའི་རྩ་བའི་བླང་བྱ་ཞིག་རེད་ལ། བསམ་བློ་དང་རིགས་པའི་གཞུང་ལུགས་ལ་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན་རྒྱག་པའི་སྲོག་ཤིང་གི་འགག་རྩ་ཞིག་ཡིན་པ་མ་ཟད། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་འཁུར་བའི་རྩ་བའི་ཁ་ཕྱོགས་ཤིག་ཀྱང་རེད།

    ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་ལོ་རྒྱུས་ཀྱི་སྡོམ་ཚིག་དང་མི་དམངས་ཀྱི་གདམ་ག་ཡིན་པར་གོ་བ་གཏིང་ཟབ་ལེན་དགོས།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སྐྱོད་པ་དང་བསྟུན་པ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཆེད་གོམ་ཞེང་ཆེན་པོས་མདུན་དུ་སྐྱོད་ཡོད། ལོ་རྒྱུས་དང་མི་དམངས་ཀྱིས་མར་ཁེ་སི་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་བདམས་པ་དང་། སྤྱི་ཚོགས་རིང་ལུགས་ཁོ་ནས་མ་གཏོགས་ཀྲུང་གོ་སྐྱོབ་མི་ཐུབ་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ཚེ་གཞི་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཐུབ་པ་དེ་ནི་ལོ་རྒྱུས་ཀྱི་བསྡོམས་ཚིག་ཅིག་རེད་ལ། ལྡོག་ཏུ་མེད་པའི་དངོས་ཡོད་ཅིག་དང་འབྱུང་འགྱུར་གྱི་ཁྱབ་བསྒྲགས་ཤིག་ཀྱང་ཡིན་པ་དོན་དངོས་ལས་རྩོད་ཐབས་བྲལ་བའི་ངང་ར་སྤྲོད་བྱས་ཡོད།

    ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་སྤྱི་ཚོགས་རིང་ལུགས་ཡིན་པ་ལས་དེ་མིན་གྱི་རིང་ལུགས་ཤིག་མིན་པར་གོ་བ་གཏིང་ཟབ་ལེན་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་རིགས་པའི་གཞུང་ལུགས་ཀྱི་གཏན་ཚིགས་དང་ཀྲུང་གོའི་སྤྱི་ཚོགས་འཕེལ་རྒྱས་ལོ་རྒྱུས་གཏན་ཚིགས་ཀྱི་རྩོད་སྒྲུབ་གཅིག་གྱུར་ཞིག་དང་། ཀྲུང་གོའི་ས་གཞི་ཆེ་མོར་རྩ་བ་ཚུགས་པ་དང་། ཀྲུང་གོ་མི་དམངས་ཀྱི་འདུན་པ་མཚོན་པ། ཀྲུང་གོ་དང་དུས་རབས་འཕེལ་རྒྱས་ཡར་ཐོན་གྱི་བླང་བྱ་དང་འཚམ་པ་བཅས་ཀྱི་ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཤིག ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བཅས་ཀྱི་ལྡོག་མེད་ཀྱི་ལམ་བུ་ཞིག་ཡིན་པ་དོན་དངོས་ཀྱིས་ར་སྤྲོད་བྱས་ཡོད། བོད་དུ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་སྐྱོད་འདོད་པའི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རོ་ལངས་རྒྱག་རྒྱུའི་རེ་ངན་བཅངས་པའི་ལམ་རྙིང་པ་དང“ངོ་བོ་འགྱུར་བའི་རང་བཙན”གྱི་སྒོ་ནས་བོད་འདི་ཉིད་མེས་རྒྱལ་ནས་ཁ་ཕྲལ་གཏོང་རྒྱུའི་རེ་ངན་བཅངས་པའི་ལོག་ལམ་དང་བོད་མི་དམངས་ཀྱིས་རང་རྟོགས་ངང་གདམ་ག་བྱས་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འགྲོ་ལམ་གྱི་རྣམ་པ་གསར་རྐྱང་དང་ཡང་དག་པའི་འགྲོ་ལམ་གཉིས་་ནི་ངོ་བོ་མི་འདྲ་བའི་འགྲོ་ལམ་གཉིས་ཡིན་པ་རིག་པ་དྭངས་གསལ་གྱི་སྒོ་ནས་ཤེས་པ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ལངས་ཕྱོགས་བརྟན་པོས་ཏང་གི་རྗེས་སུ་འབྲངས་བ་དང་། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ། སྲིད་དབང་དང་། དར་ཆ། འགྲོ་ལམ་བཅས་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་དགོས།

    ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་སྤྱིའི་བཀོད་ཇུས་དང་འཐབ་ཇུས་བཀོད་ཇུས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཤིག་ཡིན་པར་གོ་བ་གཏིང་ཟབ་ལེན་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་དང་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པའི་ལྡོག་མེད་ཀྱི་ལམ་བུ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ལྡོག་མེད་ཀྱི་ལམ་བུ་ཞིག་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་ནི་ཏང་དང་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ལ་མཛུབ་ཁྲིད་བྱེད་པའི་ཡང་དག་པའི་རིགས་པའི་གཞུང་ལུགས་དང་དུས་རབས་ཀྱི་མདུན་དུ་གནས་པ་དང་དུས་བསྟུན་འཕེལ་རྒྱས་ཀྱི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཤིག ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ནི་དེང་སྐབས་ཀྲུང་གོའི་འཕེལ་རྒྱས་ཡར་ཐོན་གྱི་རྩ་བའི་འགན་ལེན་དང་ལམ་ལུགས་ཀྱི་ལེགས་ཆ་མངོན་གསལ་ལྡན་པ་དང་རང་ངོས་འཐུས་ཚང་གི་ནུས་པ་ཆེ་བའི་སྔོན་ཐོན་ལམ་ལུགས་ཤིག ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ཁྲོད་ཀྲུང་ཧྭའི་ཆེས་ཟབ་ཤོས་ཀྱི་བསམ་པའི་དོན་གཉེར་བསྡུས་པ་དེས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་བསམ་བློའི་མཚོན་རྟགས་མངོན་ཡོད། དེ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོས་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པར་སྐུལ་ལྕག་བྱེད་པའི་བསམ་བློའི་སྟོབས་ཤུགས་ཆེན་པོ་ཞིག་བཅས་རེད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་འགྲོ་ལམ་དང་། རིགས་པའི་གཞུང་ལུགས། ལམ་ལུགས། རིག་གནས་བཅས་ཕྱོགས་བཞི་གཞི་གཅིག་གི་སྤྱི་ཚོགས་རིང་ལུགས་ཤིག་རེད། “གདེང་ཚོད་བཞི”ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་མངོན་གསལ་དོད་ཤོས་ཀྱི་ཁྱད་ཆོས་ཤིག་རེད་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བར་ལྡན་དགོས་ངེས་ཀྱི་རྣམ་པ་དང་ཆབ་སྲིད་ཀྱི་གཏིང་ཤུགས་ཆེ་ཤོས་དེ་ཡང་ཡིན། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་མཐའ་འཁྱོངས་བྱེད་དགོས་ན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་མཐའ་འཁྱོངས་བྱེད་དགོས་པ་མ་ཟད། དཀའ་ངལ་དང་འགྲན་སློང་མཐའ་དག་ལ་མི་སྐྲག་པར་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་གནམ་ས་གསར་པ་དང་ངོ་མཚར་གསར་པ་བཏོད་དེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་རྒྱུན་ཆད་མེད་པར་བརྩམས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས།

    དར་ཆས་ཁ་ཕྱོགས་གཏན་འཁེལ་བྱེད། འགྲོ་ལམ་གྱིས་ལས་དབང་གཏན་འཁེལ་བྱེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་དུས་རབས་ཉེར་གཅིག་པའི་དུས་དཀྱིལ་གྱི་མར་ཁེ་སི་རིང་ལུགས་ཤིག་ཡིན་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་ནི་བླ་ན་མེད་པའི་བྱ་གཞག་ཅིག་ཡིན་པས་མི་རབས་ནས་མི་རབས་བར་གྱི་ཀྲུང་གོ་གུང་ཁྲན་ཏང་མིས་མི་དམངས་སྣེ་ཁྲིད་དེ་མུ་མཐུད་འབད་འཐབ་བྱེད་དགོས། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་བྱ་རྒྱུ་དེ་ལས་དོན་ལ་མཛུབ་ཁྲིད་བྱེད་པའི་ལས་འགན་ཨང་དང་པོར་བརྩིས་ཏེ་དེའི་ཁྲོད་ནས་རྒྱུན་ཆད་མེད་པར་ཚན་རིག་དང་མཐུན་པའི་བློ་གྲོས་དང་རིགས་པའི་གཞུང་ལུགས་སྟོབས་ཤུགས་བསྡུ་ལེན་དང་དད་སེམས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་། བསམ་པའི་འཚོ་བཅུད་གསབ་པ། བསམ་བློའི་ཁ་ཕྱོགས་བརྟན་དུ་གཏོང་བ་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་རྩོམ་པའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཟབ་ཏུ་བཏང་སྟེ་དུས་རབས་དང་མི་དམངས་ལ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གྱི་ཚད་ལོན་རྒྱུགས་ལན་ཞིག་འབུལ་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།