[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཁེ་ཧྲི་དང་མངའ་རིས་གཉིས་ཀྱིས་རིག་གནས་ཡུལ་སྐོར་ཐད་མཉམ་ལས་གཏིང་ཟབ་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-08

     གསར་འགོད་པར་ཉིན་ཤས་གོང་འཚོགས་པའི་ཤིན་ཅང་གི་ཁེ་ཧྲི་དང་བོད་ཀྱི་མངའ་རིས་ཀྱི་ཆེད་དོན་འོས་སྦྱོར་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཁེ་ཧྲི་དང་མངའ་རིས་ས་ཁུལ་གཉིས་ཀྱིས་ཤིན་བོད་ལམ་129ཡི་དམིགས་བསལ་གྱི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས“ཤིན་བོད་ལམ”གྱི་ཡུལ་སྐོར་སྤུས་རྟགས་གཏོད་རྒྱུ་དང་ས་གནས་གཉིས་ཀྱི་རིག་གནས་ཡུལ་སྐོར་ཐད་མཉམ་ལས་བྱ་རྒྱུ་རེད། དེའི་དམིགས་ཡུལ་ནི་ཐོན་ཁུངས་མཉམ་སྤྱོད་དང་། སྤུས་རྟགས་ལ་སྐུལ་འདེད། གཉིས་ཕན་མཉམ་ཁེ་བཅས་ཡོང་བ་བྱས་ཏེ། ས་གནས་གཉིས་ཀྱི་དཔལ་འབྱོར་དང་རིག་གནས་སྔར་བས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་སྤེལ་རེས་དང་མཉམ་ལས་བྱེད་རིང་ཤིན་བོད་ལམ་ལ་བརྟེན་ནས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་དེ་བས་མང་བའི་ཡིད་དབང་འཕྲོག་པར་བྱས་ཏེ་ས་གནས་གཉིས་ཀྱི་ཡུལ་སྐོར་ཡོང་ཁུངས་ཕན་ཚུན་སྐྱེལ་རེས་ཐུབ་པ་བྱ་རྒྱུ་དང་། ས་གནས་གཉིས་ཀྱི་ཡུལ་སྐོར་ཁེ་ལས་སྔར་བས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་མ་འཇོག་ལ་བརྟེན་ནས་བྱ་གཞག་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་དང་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱ་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།