[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • སྨན་བཅོས་ཤེས་ལྡན་མི་སྣའི་ཚོཌ་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་ལྷ་སར་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-08

    ཉེ་ཆར། ཀྲུང་དབྱང་རྩ་འཛུགས་པུའུ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ལྷ་སར་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་འཚོགས་ཤིང་། སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་གྱི་དུས་མཚམས་ལས་དོན་ལ་ཕྱོགས་སྡོམ་དང་། དུས་བབ་ལ་དབྱེ་ཞིབ། གནད་དོན་ལ་ཞིབ་འཇུག་བཅས་བྱས་པ། ཇི་ལྟར་བྱས་ནས་བོད་ཀྱི་སྨན་བཅོས་འཕྲོད་བསྟེན་གྱི་ཆུ་ཚད་དང་མི་དམངས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་བ་དང་ལས་དོན་དེ་བས་ཡག་པའི་ངང་སྤེལ་བར་སྐུལ་འདེད་གཏོང་བའི་སྐོར་གླེང་བ་རེད།

    རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཏང་ཙུའི་ཁོངས་མི་ཝང་ཧོ་ཧྲེང་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡུང་ཙེ་ཚོགས་འདུར་ཞུགས་པ་རེད།

    ཚོགས་འདུའི་ཐོག ལོ་ལྔའི་རིང་། ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱིས་ཁྱོན་བསྡོམས་ཕུལ་བྱུང་སྨན་དོན་མི་སྣ་842བོད་དུ“1+7”སྨན་ཁང་འཛུགས་སྐྱོང་ལ་རོགས་སྐྱོར་བྱེད་པར་མངགས་ཡོད། མིག་སྔར། སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། “གཉིས་གཅོག་གཅིག་སྤོར་དང་མི་ཐོན་པ་གསུམ”གྱི་དམིགས་ཚད་རགས་ཙམ་གྲུབ་ནས་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ལས་བོད་ཀྱི་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་པ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བདེ་ཐང་འགན་སྲུང་ལ་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད་ཅེས་བསྟན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།