[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • རྒྱལ་ཡོངས་མི་རིགས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པའི་བོད་ཀྱི་འཐུས་མི་ཚོཌ་པས་འགྲན་ཚོགས་གོང་གི་སྐུལ་སློང་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-09

    རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པའི་བོད་ཀྱི་འཐུས་མི་ཚོགས་པས་འགྲན་ཚོགས་གཉེར་ཡུལ་ཧོ་ནན་ཀྲེང་ཀྲོའུ་རུ་དངོས་སུ་བཅའ་སྡོད་བྱས་པ་དང་། ཚེས་7ཉིན་གྱི་སྔ་དྲོར་བོད་ཀྱི་འཐུས་མི་ཚོགས་པས་འགྲན་ཚོགས་གོང་གི་སྐུལ་སློང་ཚོགས་འདུ་འཚོགས་ཤིང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་བོད་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་ལྕཌ་རྭ་བློ་བཟང་བསྟན་འཛིན་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་འགྲན་བསྡུར་གྱི་གྲ་སྒྲིག་དང་དེའི་ཁྲོད་ཞུགས་པའི་ལས་དོན་ཁག་ཡག་པོ་སྒྲུབ་པ་དང་། ནུས་ཤུགས་ཡོད་རྒུ་འདོན་པ་དང་གྲུབ་འབྲས་ཡག་པོ་བརྩོན་ལེན་ཧུར་ཐག་བྱེད་པ། སྒྲིག་ཁྲིམས་ལ་བརྩི་སྲུང་ཞུ་བ་དང་། ཡ་རབས་ལྡན་པའི་ངང་འགྲན་བསྡུར་ལ་ཞུགས་པ། དོ་དམ་ནན་པོ་བྱེད་པ། བདེ་འཇགས་ངང་འགྲན་བསྡུར་ལ་ཞུགས་པ། འབྲེལ་གཏུགས་མཐུན་སྦྱོར་དང་གཞོགས་འདེགས་དམ་ཟབ་བྱེད་པ། དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ་དང་གཟུགས་བརྙན་ཡག་པོ་གཏོད་པ་བཅས་བྱས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་མངགས་བཅོལ་ཟབ་མོ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རེ་བ་ཆུད་ཟོས་སུ་མི་གཏོང་བའི་བླང་བྱ་བཏོན་པ་རེད།

    ཚོགས་འདུ་མ་འཚོག་གོང་ལྕགས་རྭ་བློ་བཟང་བསྟན་འཛིན་གྱིས་བཅའ་སྡོད་བྱ་ཡུལ་གྱི་ལུས་རྩལ་པ་ཚོར་གཟིགས་པར་ཕེབས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།