[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • སླར་ཡང་ཐང་བོད་གནའ་ལམ་དུ་སྐྱོད་པའི་ཡུལ་སྐོར་ཉམས་ལེན་བྱེད་སྒོ་མཇུག་འགྲིལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-09

    ཉིན་ཤས་གོང་། སླར་ཡང་ཐང་བོད་གནའ་ལམ་དུ་སྐྱོད་པའི་ཕུགས་འདུན་གཏོད་འཛུགས་ཚོགས་པའི་རླངས་འཁོར་རུ་ཁག་ཕོ་བྲང་པོ་ཏ་ལའི་མདུན་ནས་བསྐྱོད་པ་དང་ཆབས་ཅིག དུས་ཡུན་ཉིན་7གྱི་2019ལོའི་ཀྲུང་གོའི་བོད་ལྗོངས་ཀྱི“སླར་ཡང་ཐང་བོད་གནའ་ལམ་དུ་སྐྱོད། ས་མཐོའི་དར་གོས་ལམ་དུ་ཕུགས་འདུན་མངོན་འགྱུར་བྱེད”ཅེས་པའི་ཡུལ་སྐོར་ཉམས་ལེན་བྱེད་སྒོའང་བདེ་བླག་ངང་མཇུག་འགྲིལ་བ་རེད། ཚེས་5ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས་2019ལོའི་སླར་ཡང་ཐང་བོད་གནའ་ལམ་དུ་སྐྱོད་པའི་བྱེད་སྒོའི་གྲུབ་འབྲས་སྙན་སེང་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།

    “སླར་ཡང་ཐང་བོད་གནའ་ལམ་དུ་སྐྱོད། ས་མཐོའི་དར་གོས་ལམ་དུ་ཕུགས་འདུན་མངོན་འགྱུར་བྱེད”ཅེས་པའི་ཕུགས་འདུན་གཏོད་འཛུགས་རུ་ཁག་གི་རུ་མི་ཞིག་ཡིན་པའི་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གི་ཐིང་ཀྲང་གཞོན་པ་ཅི་ཡུའེ་ཡིས་སླད་ཕྱིན་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས“ཐང་བོད་གནའ་ལམ”ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས“ཐང་བོད་གནའ་ལམ”དེ་ཤུགས་རྐྱེན་ཟབ་མོ་ལྡན་པའི་བོད་ཀྱི་ཡུལ་སྐོར་སྤུས་རྟགས་གསར་རྐྱང་ཞིག་ཏུ་གཏོད་རྒྱུ་ཡིན་ཞེས་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།