[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ལྗོངས་སུ་ཕུང་པོ་ཞལ་འདེབས་དང་ལེན་གྱི་ས་ཚིགས་ཐོག་མ་བཙུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-09

    ཚེས་6ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་རྒྱ་གྲམ་དམར་པོ་ཚོགས་པས་བོད་ལྗོངས་སློབ་ཆེན་དུ་ཕུང་པོ་ཞལ་འདེབས་དང་ལེན་གྱི་ས་ཚིགས་བཙུགས་པ་དང་འབྲེལ་སྒོ་བྱང་འགེལ་བའི་མཛད་སྒོའང་གཉེར་ཡོད། དེ་ནི་བོད་ཀྱི་ཕུང་པོ་ཞལ་འདེབས་དང་ལེན་གྱི་ཚན་པ་ཐོག་མ་ཡིན་པ་མ་ཟད། རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་སྲིད་འཛིན་ཁུལ་ཡོངས་སུ་ཕུང་པོ་ཞལ་འདེབས་རྒྱག་པའི་ལས་དོན་སྤེལ་བ་མཚོན་གྱི་ཡོད།

    ཤེས་རྟོགས་བྱུང་བ་ལྟར་ན། མིག་སྔར་རྒྱལ་ཡོངས་སུ་ཕུང་པོ་དང་དབང་པོ་ཞལ་འདེབས་རྒྱག་པའི་ཐོ་འགོད་མི་གྲངས་ཁྲི150ལས་བརྒལ་བ་དང་ཞལ་འདེབས་ཁྲི་2.5ལྷག་བརྒྱབ་ཡོད། རང་ལྗོངས་སུ་ཕུང་པོ་ཞལ་འདེབས་དང་ལེན་ས་ཚིགས་ཐོག་མ་བཙུགས་པ་ལས་རྒྱལ་ཡོངས་ཀྱི་ཕུང་པོ་དང་དབང་པོ་ཞལ་འདེབས་རྒྱག་པའི་བྱ་གཞག་འཕེལ་རྒྱས་ལ་སྐུལ་མ་ཐེབས་ངེས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།