[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས།

    དམངས་གཉེར་ཁེ་ལས་དང་འབྲེལ་བའི་གྱོད་གཞི་སྒྲུབ་གཉེར་གྱི“ལྗང་མདོག་བགྲོད་ལམ”འཐུས་སྒོ་ཚང་དུ་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-10

    ཉིན་ཤས་གོང་། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་ལྗོངས་ནང་ཁུལ་གྱི་དམངས་གཉེར་ཁེ་ལས་ལས་རིགས་ཀྱི་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། དམངས་གཉེར་ཁེ་ལས་མཁས་ཅན། གཉེར་སྐྱོང་མཁན་གྱི་འཐུས་མི་བཅས་གདན་དྲངས་ཏེ“ཞིབ་དཔྱོད་ཀྱིས་དམངས་གཉེར་ཁེ་ལས་འཕེལ་རྒྱས་ལ་རམ་འདེགས་བྱེད”ཅེས་པའི་ཞིབ་དཔྱོད་སྒོ་དབྱེའི་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་། དམངས་གཉེར་ཁེ་ལས་མཁས་ཅན་དབར་འབྲེལ་གཏུག་སྤེལ་རེས་བྱས་ནས་དམངས་གཉེར་ཁེ་ལས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ཀྱི་དགོས་མཁོ་དང་ཞིབ་དཔྱོད་ལས་དོན་གྱི་བསམ་འཆར་དང་གྲོས་འགོ་ཤེས་རྟོགས་བྱས་པ་རེད།

    “འབྲེལ་གཏུག་སྤེལ་རེས་འདི་ལྟ་བུས་ང་ཚོའི་དམངས་གཉེར་ཁེ་ལས་ལ་དོན་སྙིང་ཆེན་པོ་ཡོད”ཅེས་བོད་ལྗོངས་ཐུང་ཐའེ་མ་འཇོག་ཚོགས་པའི་ཏུང་ཧྲེ་ཀྲང་ཁྲེན་ཅན་ཡའོ་ཡིས་མྱོང་ཚོར་ཟབ་མོའི་སྒོ་ནས་བརྗོད། སྲིད་གཞུང་གིས་དམངས་གཉེར་ཁེ་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ་དང་། ཁྲིམས་སྐྱོང་འགན་ལེན་ནི་ཁྲོམ་རའི་དཔལ་འབྱོར་ཁོར་ཡུག་ཡག་པོ་ཞིག་གཏོད་པའི་མཐའ་མའི་འགོག་སྲུང་ཞིག་རེད། ཁོང་གིས། “ཞིབ་དཔྱོད་ལས་ཁུངས་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཐུན་མོང་ཐོག་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་འགན་ལེན་བྱེད་པའི་འབྲེལ་ཡོད་བྱ་ཐབས་རྣམས་ཐོས་རྗེས་ངར་དམངས་གཉེར་ཁེ་ལས་ཀྱི་འབྱུང་འགྱུར་ལ་རེ་བས་ཁེངས་པའི་མྱོང་ཚོར་བྱུང”ཞེས་བརྗོད་པ་རེད།

    རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཅན་ཁྲ་ཀྲང་གཞོན་པ་ཝང་ལིའུ་ཀོས། དམངས་གཉེར་ཁེ་ལས་མཁས་ཅན་གྱི་འཐུས་མིས་བཏོན་པའི་བསམ་འཆར་དང་གྲོས་འགོ་ནི་རང་ལྗོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ལ་སྐུལ་ལྕག་བྱས་པ་ཞིག་རེད་ལ། ང་ཚོའི་ཞིབ་དཔྱོད་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཕན་པ་ཡོད་པས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་ཐུབ་རྒྱུ་རེད་ཅེས་བརྗོད་པ་རེད།

    བཞུགས་མོལ་ཚོགས་འདུའི་ཐོག རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་ད་དུང་ཚོགས་ཞུགས་མི་སྣར་རང་ལྗོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱལ་ལ་ཞབས་འདེགས་ཞུ་བ་དང་འགན་ལེན་བྱེད་པའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་དང་། 《ཞིབ་དཔྱོད་ལས་ཁུངས་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དབར་སྤེལ་རེས་དང་འབྲེལ་གཏུག་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཡོང་བར་མཉམ་དུ་ཞབས་ཞུ་སྒྲུབ་པ་དང་འགན་ལེན་བྱ་རྒྱུའི་སྐོར་གྱི་ལས་ཀའི་བསམ་འཆར》ནང་གི་འབྲེལ་ཡོད་བྱ་ཐབས་དང་ལས་ཀའི་ལམ་སྲོལ་ལ་འགྲེལ་བཤད་བརྒྱབ་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།