[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་བོད་ཀྱི་གྲུབ་འབྲས་འགྲེམས་སྟོན་གཉེར་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-16

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཚོན་མདངས་རྣམ་པར་བཀྲ་བའི་ཐང་ག་དང་། རབ་མཛེས་ཡིད་དབང་འཕྲོག་པའི་ཞབས་བྲོ། སྟངས་སྟབས་ཡང་བའི་ལྷ་མོ་སོགས་རྒྱལ་ཁབ་གསར་འགྱུར་གཞུང་དོན་ཁང་གི་གསར་འགྱུར་ཡོངས་བསྒྲགས་ཐིང་དུ་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་བོད་ཀྱི་གྲུབ་འབྲས་འགྲེམས་སྟོན་གྱིས་མི་མང་པོ་ཞིག་གི་ཡིད་དབང་བཀུག་ཡོད། ཕུན་སུམ་ཚོགས་པའི་རིག་རྩལ་འཁྲབ་སྟོན་དང་ངོ་མཚར་ཆེ་བའི་འགྲེམས་པང་གིས་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་གྱི་བོད་ཀྱི་བྱ་གཞག་ཁག་ལ་ཐོབ་པའི་གྲུབ་འབྲས་ཆེན་པོ་མངོན་པར་བྱས་ཡོད།

    འགྲེམས་སྟོན་ནང་པར་རིས་འགྲེམས་སྟོན་དང་། དངོས་དཔེ་འགྲེམས་སྟོན། ས་གནས་ས་ཐོག་གི་འཁྲབ་སྟོན་སོགས་ལ་དབྱེ་ཡོད་ཅིང་། པར་རིས་ནང་པར་རིས་དང་ཡི་གེ་མཉམ་སྟོན་གྱི་རྣམ་པའི་ཐོག་ནས་བོད་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས། སྣོད་བཅུད་ཁོར་ཡུག དམངས་འཚོ་འགན་ལེན་བཅས་ཐད་ཀྱི་འགྱུར་ལྡོག་ཆེན་པོ་མངོན་པར་བྱས་པ་དང་། དངོས་དཔེ་འགྲེམས་སྟོན་ནང་བོད་སྨན་དང་། སྤོས། ཐང་ག་སོགས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་ཞིབ་ཚགས་ངང་བདམས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།