[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་པེ་ཅིང་དུ་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་འཛུགས་རིགས་གཅིག་མཁས་ཅན་གྱི་བློ་འདྲི་དང་རིགས་པས་ཁུངས་སྐྱེལ་གྱི་ཚོགས་འདུ་འཚོགས་པ།

    ལི་ཕེ་དང་། ཤའོ་ཧོའེ་ཡོན། སྲི་ཐར། རྟ་མགྲིན་དབང་འབུམ། ཧྲེ་ཏ་ཀང་། ཝུའུ་ཧྲེ་མིན། ཨེན་ཆི་དབྱི། ཧོ་ཧྲེ་ཡོན་བཅས་ཚོགས་འདུར་ཕེབས་པ་དང་བློ་བཟང་རྒྱལ་མཚན་གྱིས་ཤིས་ཚིག་བསྒྲོན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-17

    ཚེས་15ཉིན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་པེ་ཅིང་དུ་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་འཛུགས་རིགས་གཅིག་མཁས་ཅན་གྱི་བློ་འདྲི་དང་རིགས་པས་ཁུངས་སྐྱེལ་གྱི་ཚོགས་འདུ་འཚོགས་ཤིང་། ཚོགས་འདུར་གདན་དྲངས་པའི་པེ་ཅིང་དུ་ཡོད་པའི་འབྲེལ་ཡོད་འགོ་ཁྲིད་དང་ཡུན་རིང་མི་རིགས་དང་ཁྲིམས་འཛུགས་སོགས་ཁྱབ་ཁོངས་སུ་ཕྱག་ལས་གནང་མཁན་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་འཛུགས་ཀྱི་ལས་དོན་ལ་འདྲི་བརྟག་ཡང་ཡང་གིས་ཐབས་བཟང་ཇུས་བཟང་བཏོན་གནང་བ་རེད།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྩ་ཁྲིམས་དང་ཁྲིམས་ལུགས་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་ལི་ཕེ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་མི་རིགས་དོན་བྱེད་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཤའོ་ཧུའེ་ཡོན། ཀྲུང་དབྱང་གི་བོད་ཀྱི་ལས་དོན་མཐུན་སྦྱོར་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་སྲི་ཐར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་མི་རིགས་དོན་བྱེད་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་རྟ་མགྲིན་དབང་འབུམ་དང་ཧྲེ་ཏ་ཀང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་མི་རིགས་དོན་བྱེད་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་གཞོན་པ་རྒྱལ་ཁབ་མི་རིགས་དོན་བྱེད་ཨུ་ལྷན་གྱི་དེ་སྔའི་ཀྲུའུ་རེན་གཞོན་པ་ཝུའུ་ཧྲེ་མིན། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཨེན་ཆི་དབྱི། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་རིག་གནས་ཚན་ཁག་གི་ཨུ་ཡོན་ཧོ་ཧྲེ་ཡོན་བཅས་ཚོགས་འདུར་ཕེབས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་གསུང་བཤད་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ། དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པ་བཀྲ་ཤིས་དང་དེ་བཞིན་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་རྡོ་ཐོགས་དང་། ཅུས་ཅན་ཧྭ། མོང་ཞའོ་ལིན་བཅས་ཕེབས་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་འོད་ཟེར་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ལ་མཐོང་ཧ་ཅང་ཆེན་པོ་གནང་སྟེ། མི་རིགས་མཐུན་སྒྲིལ་གྱི་ཁྲིམས་འཛུགས་ལ་སྐུལ་འདེད་གཏོང་རྒྱུའི་ཐབས་ཇུས་བཀོད་སྒྲིག་གནང་ཡོད། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་མི་རིགས་ལས་དོན་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་བོད་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་ས་ཁོང་དུ་བརྟན་པོར་ཆུད་པ་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་རྩ་བའི་ཁ་ཕྱོགས་སུ་བྱེད་པ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་རྒྱག་རྒྱུ་རྩ་བའི་ཐབས་ལམ་ལ་བརྩི་བ། ཁྲིམས་འཛུགས་ཀྱི་སྣེ་འདྲེན་དང་སྐུལ་འདེད་ཀྱི་ནུས་པ་འདོན་སྤེལ་བྱེད་པ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་མི་རིགས་མཐུན་སྒྲིལ་ལ་ཁྲིམས་ལྟར་འགན་ལེན་བྱེད་པ་དང་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ། བོད་འདི་ཉིད་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་ལྗོངས་ཤིག་ཏུ་འཛུགས་སྐྲུན་ཧུར་ཐག་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་གོང་བུ་གཅིག་ཏུ་བསྒྲིལ་བ་དང་སྐུལ་སློང་བྱས་ནས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས། རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་ཡང་དག་གནད་འཕིགས་ཀྱི་ལྟ་ཚུལ་བཏོན་ནས་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་འཛུགས་ལས་དོན་ལ་མཛུབ་ཁྲིད་དང་རོགས་རམ་སྔར་བས་མང་པོ་གནང་རྒྱུའི་རེ་བ་ཡོད་ཅེས་བསྟན་གནང་བ་རེད།

    ཉིན་གཅིག་གི་ཚོགས་འདུའི་རིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་། རྒྱལ་ཁབ་མི་རིགས་དོན་བྱེད་ཨུ་ལྷན། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་། པེ་ཅིང་སློབ་ཆེན། ཀྲུང་དབྱང་མི་རིགས་སློབ་ཆེན། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་བཅས་ཀྱི་འགོ་ཁྲིད་དང་། རིགས་གཅིག་མཁས་ཅན། མཁས་དབང་བཅས་26ལྷན་འཛོམས་ཀྱིས་གང་བསམ་ལྷུག་པོར་གླེང་ཞིང་། ཁོང་ཚོས་བོད་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ཐོབ་པའི་གྲུབ་འབྲས་ཆེན་པོར་ཁས་ལེན་གང་ལེགས་གནང་བ་དང་། བོད་ཀྱི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་འཛུགས་ལས་དོན་གྱི་དོན་སྙིང་གལ་ཆེན་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་སྦྲགས། ཡང་དག་གནད་འཕིགས་ཀྱི་བསམ་འཆར་དང་གྲོས་འགོ་མང་པོ་ཞིག་ཀྱང་བཏོན་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།