[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • རྩྭ་ཆུ་འཛོམས་པས་ནོར་ལུག་ཤ་ཤེད་རྒྱས། ཞིང་ས་གཤིན་པོར་རེ་བའི་འབྲས་བཟང་སྨིན།

    ལོ་ངོ་བདུན་ཅུའི་རིང་བོད་ཀྱི་ཞིང་འབྲོག་ལས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-17

    ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70ཡི་རིང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་སེམས་ནུས་གཅིག་སྒྲིལ་གྱིས་ཞིང་ས་གཤིན་པོར་དཀའ་སྤྱད་ལས་ལ་གཞོལ་ཏེ་འཛམ་གླིང་ཡང་རྩེར་བོད་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་ལོ་རྒྱུས་ཀྱི་ངོ་མཚར་བྱས་རྗེས་མང་པོ་བཏོད་པ་ལས། གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་ཡོད།

    ཞིང་འབྲོག་ལས་འཕེལ་རྒྱས་ཆེན་པོ་བྱུང་བ།

    ལྷོ་ཁ་གྲོང་ཁྱེར་སྣེ་གདོང་རྫོང་ཁེ་གསུམ་གྲོང་ཚོའི་བགྲེས་སོང་བག་བྲོས་ཞིང་བྲན་བདག་པོའི་མནར་གཅོད་འོག་ལོ་བཅུ་གྲངས་འཚོ་བ་བསྐྱལ་ཡོད། “སྐབས་དེ་དུས་ལྟོ་རྒྱགས་ཚད་བཟའ་རྒྱུ་ལྟ་ཅི། ཐ་ན་ཇ་རྐྱང་སྤགས་རྐྱང་ཡང་ཁག་པོ་རེད”

    དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་། བོད་ཀྱི་མི་འབོར་གྱི་5%ཡང་མ་ཟིན་པའི་ཞིང་བྲན་བདག་པོར་བོད་ཀྱི་ཐོན་སྐྱེད་རྒྱུ་ཆ་ཚང་མ་དབང་བ་དང་། ཞིང་ལས་ཐོན་སྐྱེད་བྱེད་སྟངས་ཡུན་རིང་གདོད་མའི་རྨོ་འདེབས་བྱེད་སྟངས་སྤྱད་ཡོད། རྒྱ་ཆེའི་ཞིང་བྲན་རྣམས་བཀྲེས་ལྟོགས་ཀྱིས་མནར་ནས་འཚོ་བ་ཡ་ང་བ་ཞིག་ཡོད་པས། བཀྲེས་ལྟོགས་ཀྱིས་མནར་བ་དང་འཁྱགས་ནས་འཆི་མཁན་བགྲང་གིས་མི་ལངས་བ་ཡོད།

    1980ལོའི་རྗེས་ནས་དུས་རབས་འདིའི་ལོ་སྟོད་བར། བོད་ཀྱི་མི་དམངས་ཀྱིས་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་རོགས་སྐྱོར་ཤུགས་ཆེན་འོག ཞིང་འབྲོག་ཁུལ་གྱི་སྲིད་ཇུས་སྔར་བས་ལྷུག་ཏུ་བཏང་བ་དང་། ས་ཆ་དང་རྩྭ་ཐང་སྤྱི་ལ་དབང་བའི་ལམ་ལུགས་མཐའ་འཁྱོངས་ཀྱི་སྔོན་འགྲོའི་ཆ་རྐྱེན་འོག ཞིང་ཁུལ་དུ“ས་ཞིང་དུད་ཚང་ལ་དབང་བ་དང་། རང་བརྟེན་གཉེར་སྐྱོང་། ཡུན་རིང་མི་འགྱུར་བ”བཅས་ལག་ལེན་བསྟར་བ་དང་། འབྲོག་ཁུལ་དུ“སྒོ་ཕྱུགས་དུད་ཚང་ལ་དབང་བ་དང་། སྒེར་ལ་ཡོད་ན་སྒེར་གྱིས་གསོ་ཚགས། རང་བརྟེན་གཉེར་སྐྱོང་། ཡུན་རིང་མི་འགྱུར་བ”ལག་ལེན་བསྟར་ཡོད། དེ་ནི་རྒྱལ་ཡོངས་ཀྱི་ཞིང་ལས་དཔྱ་ཁྲལ་རྩ་ཆག་བཏང་བའི་ས་ཁུལ་ཐོག་མ་དེ་རེད། ལྷག་དོན་དུ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་འཚོགས་རྗེས། “ལྟེ་བ་གཅིག་དང་། དོན་ཆེན་གཉིས། འགན་ལེན་གསུམ”བཅས་ཀྱི་དུས་སྐབས་གསར་པའི་བོད་ཀྱི་ལས་དོན་གྱི་མཛུབ་ཁྲིད་དགོངས་པར་དམིགས་པ་ལས་ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་ལ་འཕེལ་རྒྱས་མྱུར་པོ་བྱུང་སྟེ། མང་ཚོགས་མང་པོའི་ལྟོ་གོས་ཀྱི་གནད་དོན་ཐག་གཅོད་ཐུབ་པ་དང་། འབྲུ་རིགས་དང་བཟའ་སྣུམ་སྤྱིར་ན་རང་ཁ་རང་གསོ་ཐུབ་ཡོད།

    ས་ཞིང་གི་གསོན་ཤུགས་གསར་པ་འཕེལ་བར་བྱས་པ།

    1959ལོར་ལྷོ་ཁ་ས་ཁུལ་སྣེ་གདོང་ཆུས་ཁེ་གསུམ་གྲོང་ཚོར་དམངས་གཙོའི་བཅོས་སྒྱུར་གྱི་ལས་འགུལ་སྤེལ་བ་དང་། དེ་རྗེས་ཞིང་ཁུལ་དང་འབྲོག་ཁུལ་དུ་དམངས་གཙོའི་བཅོས་སྒྱུར་གྱི་ལས་དོན་ལ་སྔ་རྗེས་སུ་སྐུལ་འདེད་བཏང་སྟེ། ཞིང་བྲན་ཁྲི་ཚོ་བརྒྱར་མུའུ་ཁྲི་280ཡི་ས་ཞིང་དང་ཐོན་སྐྱེད་རྒྱུ་ཆ་བགོས་པས། ལོ་རྒྱུས་ཐོག་སྔར་བྱུང་མ་མྱོང་བའི“རྨོ་མཁན་ལ་ཞིང་ཁ་ཡོད་པའི”རེ་འདུན་མངོན་འགྱུར་བྱུང་ཏེ་དེ་སྔའི་ཞིང་བྲན་རྣམས་ས་ཞིང་གི་བདག་པོར་གྱུར་ནས་ཞིང་འབྲོག་པའི་ཐོན་སྐྱེད་འཕེལ་རྒྱས་གཏོང་བའི་གསོན་ཤུགས་འཕེལ་ཡོད།

    1959ལོར་དམངས་གཙོའི་བཅོས་སྒྱུར་བྱས་པའི་ལོ་དེར་འབྲུ་རིགས་ལ་ལོ་ལེགས་བྱུང་ནས་སྒྱུར་བཅོས་མ་བྱས་གོང་གི་1958ལོ་ལས་4.5%འཕར་ཏེ་ཏུན་ཁྲི་18.29ཟིན་ཡོད་པ་རེད།

    “ང་ཚོའི་ངོས་ནས་བརྗོད་ན་ས་ཞིང་ནི་སྲོག་རྩ་ལྟ་བུ་ཡིན”ཞེས་ལོ་དྲུག་བཅུ་ཙམ་ལ་སླེབས་པའི་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་ཤང་བོད་སྡེ་གྲོང་ཚོའི་གྲོང་མི་པད་མས་ས་ཞིང་ལ་བརྩེ་བ་ཆེན་པོ་བཅངས་ཤིང་དེ་ལྟར་བརྗོད།

    ཞིང་འབྲོག་པའི“སྲོག་རྩ”དེ“རྒྱུ་ནོར་གསོན་པོར”འགྱུར་ཆེད། དུས་རབས་གསར་པར་སླེབས་རྗེས། རང་ལྗོངས་ཀྱིས་སྔ་རྗེས་སུ་རྩྭ་ར་འགན་གཙང་གཉེར་སྐྱོང་གི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་དང་འཐུས་སྒོ་ཚང་དུ་བཏང་བ་དང་། གྲོང་གསེབ་ཀྱི་ས་ཞིང་འགན་གཙང་གི་དབང་གཏན་ཐོ་འགོད་ལག་ཁྱེར་སྤྲོད་པ། གྲོང་གསེབ་ཀྱི་མཉམ་སྡེབ་བདག་དབང་ལམ་ལུགས་སྒྱུར་བཅོས་བཅས་གཙོ་བོར་བྱེད་པའི་ཞིང་འབྲོག་ཁུལ་གྱི་སྒྱུར་བཅོས་ལས་དོན་སྤེལ་ནས་བདག་དབང་དང་། འགན་གཙང་དབང་ཆ། གཉེར་སྐྱོང་དབང་ཆ་བཅས་དབང་གསུམ་ལོགས་དབྱེ་བྱས་པས། ཞིང་འབྲོག་མང་ཚོགས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་ཐུབ་པ་དང་ཆབས་ཅིག ས་ཞིང་ཐོན་ཁུངས་ཀྱི་གསོན་ཤུགས་འཕེལ་བར་བྱས་ཁར་ས་ཆའི་མངོན་མེད་ཀྱི་རིན་ཐང་ཡང་མངོན་པར་བྱས་ཡོད།

    ལྷག་པར་དུ་ཉེ་བའི་ལོའི་ནང་སྤེལ་བའི“1+6”གི་གྲོང་གསེབ་སྒྱུར་བཅོས་ཚོད་ལྟ་ཁུལ་དང་། གྲོང་གསེབ་ཀྱི་ས་ཞིང་འགན་གཙང་གཉེར་སྐྱོང་དབང་ཆའི་དབང་གཏན་ཐོ་འགོད་ལག་ཁྱེར་སྤྲོད་པ་སོགས་ཀྱི་སྒྱུར་བཅོས་ལས། གྲོང་གསེབ་ཀྱི་ས་ཞིང་གི་གསོན་ཤུགས་རིམ་གྱིས་འཕེལ་ཏེ་གྲོང་གསེབ་ཀྱི་ས་ཞིང་ཞིབ་མཆན་དོ་དམ་ལམ་སྲོལ་དང་། གྲོང་གསེབ་ཀྱི་བདག་དབང་ཉོ་ཚོང་ལམ་སྲོལ། མ་འཇོག་དང་མ་རྩ་མཉམ་འདྲེས་ཀྱི་ལམ་སྲོལ། ཁེ་ཕན་མཉམ་མཐུད་ལམ་སྲོལ། མ་འཇོག་དོ་དམ་ལམ་སྲོལ་སོགས་ཀྱིས་བོད་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་འགྲོ་རྒྱུར་གསོན་ཤུགས་ཆེན་པོ་བསྣན་ཡོད།

    661431_yis_1568610251933_s.jpg

    འདི་ནི་སྟོན་བསྡུའི་དུས་ཚིགས་སྐབས་ཀྱི་སྙེ་མོ་རྫོང་སྙེ་མོ་ལུང་གཞུང་གི་ཚོན་མདོག་རྣམ་པར་བཀྲ་བའི་ས་ཞིང་ཡིན་པ།

    661429_yis_1568610251323_s.jpg

    འདི་ནི་ཉེ་ཆར་ཤན་རྩ་རྫོང་ཤན་རྩ་གྲོང་རྡལ་ནག་ཁྲ་གྲོང་ཚོའི་ལོ་85ལ་སླེབས་པའི་གུང་ཁྲན་ཏང་ཡོན་ཚེ་བརྟན་གྱིས་གྲོང་སྡོད་ལས་དོན་རུ་མིའི་རོགས་རམ་འོག་སྐར་ལྔའི་དར་དམར་འགེལ་རྩིས་ཡོད་པ།

    661428_yis_1568610250773_s.jpg

     འདི་ནི་ལྷ་སའི་ཐེན་ཧའེ་མཚན་ཁྲོམ་གྱི་གཞོགས་གཉིས་སུ་སྐར་ལྔའི་དར་དམར་བཀལ་བའི་རྣམ་པ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།