[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ལྗོངས་ཀྱི་ས་གནས་ཁག་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-01

    ཉིན་ཤས་བསྟུད་མའི་རིང་། རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་བྱེད་སྒོ་སྣ་ཚོགས་གཉེར་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་པ་རེད།

    ཚེས་28ཉིན་གྱི་དགོང་མོར་གཞིས་རྩེ་གྲོང་ཁྱེར་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་5000ལྷག་དགའ་འཛོམས་བྱས་ཏེ་མཉམ་སྤྲོའི་བྱེད་སྒོ་གཉེར་ནས་རླབས་ཆེན་མེས་རྒྱལ་གྱི་ལོ་ངོ་70ཡི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས་པ་མ་ཟད། ཏང་ཀྲུང་དབྱང་གི་བཀའ་དྲིན་ཚོར་བ་དང་དུས་རབས་གསར་པར་བསྟོད་གླུ་བླངས་པ་རེད། རང་སྐྱོང་ལྗོངས་ཀྱི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་སྐྱོད་མཛུབ་ཁྲིད་ཚོཌ་ཆུང་གཉིས་པའི་ཙུའུ་ཀྲང་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བཅས་ཡིན་པའི་ཅང་ཅེ་བྱེད་སྒོར་ཞུགས་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཡན་ཆིང་གིས་ཤིས་ཚིག་གསུངས་པ་རེད།

    ཉིན་ཤས་གོང་། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ངལ་རྩོལ་དཔེ་བཟང་གི་བྱས་རྗེས་སྐོར་སྐྱོད་སྒྲོག་འགྲེལ་བྱེད་སྒོ་སྤེལ་ཞིང་། ངལ་རྩོལ་དཔེ་བཟང་གི་སྔོན་ཐོན་བྱས་རྗེས་དྲིལ་བསྒྲཌ་ཤུགས་ཆེན་བྱས་པ་དང་རྒྱ་ཆེའི་ལས་བཟོ་སྒྲིག་འཛུཌ་བྱས་ཏེ་དུས་རབས་གསར་པར་བྱས་རྗེས་གཏོད་རྒྱུར་སྐུལ་སློང་བྱས་པ་རེད། 

    ཉེ་ཆར་ཁྲེང་ཀོན་ཆུས་གྲྭ་བཞི་ཁྲོམ་གཞུང་གྲྭ་བཞི་སྡེ་ཁུལ་གྲོང་ལྷན་དང་གྲྭ་བཞི་སྡེ་ཁུལ་དུ་བཅའ་སྡོད་ལས་དོན་རུ་ཁག་གིས“ང་དང་རྒྱལ་དར་མཉམ་པར་ལེན”ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ཞིང་། བྱེད་སྒོ་སྤེལ་རིང་སྡེ་ཁུལ་གྱི་ལས་བྱེད་པ་དང་སྡེ་ཁུལ་དུ་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་རྣམས་ཀྱིས་རྒྱལ་དར་དང་མཉམ་དུ་པར་བླངས་པ་དང་། དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ལས་མ་ཡུམ་མེས་རྒྱལ་དར་རྒྱས་གོང་འཕེལ་དང་མཐུན་སྒྲིལ་མཛའ་མཐུན་ཁྱིམ་གཅིག་ལྟར་བརྩེ་བའི་མི་དམངས་ཀྱི་སྨོན་འདུན་བཟང་པོ་མཚོན་པར་བྱས་པ་རེད།

    ཚེས་26ཉིན་གུང་གཞོན་སྡེ་ཚོགས་རང་སྐྱོང་ལྗོངས་ཨུ་ལྷན་གྱིས“བོད་ཀྱི་གཞོན་ནུས། ང་དང་མེས་རྒྱལ་མཉམ་དུ་འབད་བརྩོན་བྱེད་ཀྱི་ཡིན”ཞེས་པའི་ལྗོངས་ཡོངས་ཀྱི་གཞོན་ནུའི་གཏམ་བཤད་འགྲན་བསྡུར་གྱི་མཐའ་བསྡུར་བྱས་པ་རེད། ད་ཐེངས་ཀྱི་འགྲན་བསྡུར་ནང“ལང་ཚོའི་སྟོབས་ཤུགས”བརྗོད་དོན་གཙོ་བོར་བྱས་ཏེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་དང་ལས་རིཌ་ཁག་གི་གཞོན་ནུའི་ལང་ཚོའི་ཉམས་འགྱུར་དང་གཞོན་ནུའི་སློབ་སྦྱོང་དང་། ལས་ཀ འཚོ་བ་བཅས་ལ་བྱུང་བའི་འགྱུར་ལྡོག་ཆེན་པོ་གཏིང་ཟབ་མངོན་པར་བྱས་པ་མ་ཟད། རིམ་པ་མང་པོ་དང་ཟུར་ཚད་མང་པོའི་ཐོག་ནས་གཞོན་ནུའི་མི་རབས་ཀྱིས་སྤྱི་མཐུན་རྒྱལ་ཁབ་དང་མཉམ་དུ་འཚར་ལོངས་དང་དུས་རབས་གསར་པ་དང་མཉམ་དུ་འབད་འཐབ་བྱེད་པའི་རྣམ་པ་མཚོན་པར་བྱས་ཡོད།

    ཚེས་27ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི”ཆེད་དོན་རིཌ་པའི་གཞུང་ལུགས་ཀྱི་བགྲོ་གླེང་ཚོགས་འདུ་ལྷ་སར་འཚོགས་ཤིང་། བགྲོ་གླེང་ཚོཌ་འདུའི་ཐོག རིགས་པའི་གཞུང་ལུགས་རྩོམ་ཡིག་གི་རྩོམ་པ་པོའི་འཐུས་མིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70སོང་རིང་བོད་ཀྱི་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་། མི་རིགས་ས་ཁོངས་རང་སྐྱོང་། བོད་ཀྱི་ཏང་འཛུཌ་སྐྱོང་། གྲོང་གསེབ་ཀྱི་སློབ་གསོ་གོང་འཕེལ། དྲིལ་བསྒྲགས་བསམ་བློའི་རིག་གནས་ལས་དོན། སྣོད་བཅུད་སྲུང་སྐྱོང་། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་། སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས། འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་འཕེལ་རྒྱས་སོགས་ཕྱོགས་མང་པོའི་ཐད་ནས་སྤེལ་རེས་གཏམ་བཤད་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།