[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ལྷ་ས་གྲོང་ཁྱེར་གྱིས་རྩ་འཛུགས་གསར་པ་གཉིས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-06

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཨུད་ཀྱིས་རྩ་འཛུགས་གསར་པ་གཉིས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་བྱས་ནས། དུས་ཐོག་ཏུ་རྩ་འཛུགས་གསར་པ་གཉིས་ཀྱི་ལས་དོན་ཨུ་ཡོན་ལྷན་ཁང་བཙུགས་ཏེ། ལས་ཀའི་སྟོབས་ཤུགས་བཀོད་སྒྲིག་འཐུས་སྒོ་ཚང་དུ་བཏང་བ་དང་། ཞན་ཆ་གསབ་པ་དང་ཉམས་ཞན་སྟོབས་ཆེར་བཏང་ནས་རྩ་འཛུགས་གསར་པ་གཉིས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ཕྱོགས་ཡོངས་ནས་ཡར་རྒྱས་དང་ཕྱོགས་ཡོངས་ནས་ཉམས་སད་ཐེག་ཐུབ་རྒྱུར་སྐུལ་འདེད་བཏང་བ་རེད།

    སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མུ་མཐུད་འཕེལ་རྒྱས་སྟོབས་ཆེར་འགྲོ་བ་དང་བསྟུན་ནས། མིག་སྔར། ལྷ་ས་གྲོང་ཁྱེར་ལ་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རྩ་འཛུགས་ཁྲི་10ཙམ་དང་། ལས་ཀ་བྱེད་མཁན་མི་ཁྲི་27.8ཟིན་ཡོད་པས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱེད་པ་བཅས་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་རིམ་བཞིན་གྱུར་པ་དང་། ཏང་གིས་རྩ་འཛུགས་གསར་པ་གཉིས་ལ་འགོ་ཁྲིད་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུ་དེ་དུས་རབས་གསར་པའི་ཁ་ཚ་དགོས་གཏུག་ཅིག་ཏུ་གྱུར་ཡོད་པ་རེད།

    ལོ་གཅིག་རིང་། ལྷ་ས་གྲོང་ཁྱེར་གྱིས་ཏང་རྩ་འཛུགས་དང་ཏང་ཡོན་གྱི་ནུས་པ་འདོན་པའི་གཞི་རྟེན་ལས་སྟེགས་ཧུར་ཐག་བསྐྲུན་ནས། རྩ་འཛུགས་གསར་པ་གཉིས་ཀྱིས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ། ཚད་ལྡན་གཉེར་སྐྱོང་བྱེད་པ་བཅས་ལ་ཁྲིད་སྟོན་བྱས་པས། སྤྱི་ཚོགས་ཐོག་ཤུགས་རྐྱེན་ཐེབས་ཤུགས་དང་མིང་གྲགས་ཆེ་རུ་ནུས་ལྡན་ཕྱིན་ཡོད་པ་རེད།

    བསྡོམས་རྩིས་བྱས་པར་གཞིགས་ན། མིག་སྔའི་བར། ལྷ་ས་གྲོང་ཁྱེར་གྱི་རྩ་འཛུགས་གསར་པ་གཉིས་ཀྱི་ཁྲོད་ཏང་རྩ་འཛུགས་174དང་མང་ཚོགས་རང་བཞིན་གྱི་ཚོགས་པའི་རྩ་འཛུགས་77བཙུགས་ཡོད་ཅིང་། ལས་དོན་མི་སྣའི་ཁྲོད་ཏང་ཡོན་2222ཡོད་པས་ལས་དོན་མི་སྣ་50ཡན་གྱི་ནང་ཏང་ཡོན་ཡོད་པ་དང་། ལས་དོན་མི་སྣ་100ཡན་ལ་ཏང་རྩ་འཛུགས་ཡོད་པ་གཞི་རྩའི་ཆར་མངོན་འགྱུར་བྱུང་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།