[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ལྗོངས་ཀྱི་སྤུས་ལེགས་ཁྱད་ལྡན་ཐོན་རྫས་མཚོ་འགག་ངོགས་གཉིས་ཀྱི་ཞིང་ཞོར་ཐོན་རྫས་འགྲེམས་ཚོགས་ཐོག་བཏོན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-01

    ཉིན་ཤས་གོང་། རང་ལྗོངས་ཀྱིས་ཚོགས་པ་སྒྲིག་འཛུགས་བྱས་ཏེ་ཅང་སུའུ་ཡན་ཁྲེང་དུ་གཉེར་བའི་2019ལོའི་མཚོ་འགག་ངོགས་གཉིས(ཅང་སུའུ)ཀྱི་གྲགས་ཅན་སྤུས་ལེགས་ཀྱི་ཞིང་ཞོར་ཐོན་རྫས་འགྲེམས་ཚོགས་ཐོག་ཐོག་མར་བཏོན་པར་ཕན་འབྲས་བཟང་པོ་ཐོན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རང་སྐྱོང་ལྗོངས་མཁོ་ཚོང་མཉམ་ལས་ཁང་གིས་རང་ལྗོངས་ཀྱི་ཞིང་འབྲེལ་ཁེ་ལས་10སྒྲིག་འཛུགས་བྱས་ཏེ་ནས་དང་། འབྲི་གཡག བོད་ཕག རིག་གནས་བསམ་བཀོད་སོགས་རིགས་ཆེན་པོ་4ཡི་ཁྱད་ལྡན་ཐོན་རྫས་60ལྷག་ཙམ་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་རེད། རང་ལྗོངས་ཀྱི་ཁྱད་ལྡན་ཐོན་རྫས་ཀྱིས་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཀྱི་ལོ་རྒྱུས་རིག་གནས་དང་ལྗང་མདོག་དང་། སྐྱེ་ལྡན། སྦགས་བཙོག་མེད་པ་བཅས་ཀྱི་སྤུས་ཚད་ཀྱི་ཁྱད་ཆོས་ལ་བརྟེན་ནས་མི་རྣམས་ཀྱི་དགའ་བསུ་ཐོབ་པ་བྱས་པ་དང་ས་གནས་ས་ཐོག་ཏུ་སྒོར་ཁྲི་10ཙམ་རི་བའི་ཚོང་ཟོག་ཕྱིར་ཚོང་བྱས་པ་དང་། ཧྲང་ཧའེ་དང་། ནན་ཅིང་། ཡན་ཁྲེང་སོགས་ཀྱི་ཚོང་པ་དང་ཉོ་ཚོང་གི་འདོད་མོས་རགས་ཙམ་བྱུང་བ་རེད།

    རང་སྐྱོང་ལྗོངས་མཁོ་ཚོང་མཉམ་ལས་ཁང་གི་འབྲེལ་ཡོད་འགན་འཁུར་བས་སླད་ཕྱིན་རྒྱལ་ཡོངས་ཀྱི་མཁོ་ཚོང་ཁོངས་གཏོགས་ཀྱིས་ཐོན་ཁུངས་དང་གཉེར་སྐྱོང་དྲ་རྒྱའི་མ་ལག་གི་ལེགས་ཆར་བརྟེན་ནས་ཐོན་ཚོང་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ་རང་ལྗོངས་ཀྱི་ཞིང་ཞོར་ཁྱད་ལྡན་ཐོན་རྫས“ཕྱིར་གཏོང”ཐུབ་རྒྱུར་སྦྲེལ་ཟམ་བསྐྲུན་ཏེ་རང་ལྗོངས་ཀྱི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དང་ཞིང་འབྲེལ་ཁེ་ལས་སོགས་ཁྲོམ་རའི་བྱེད་པོ་ནང་སའི་འཛད་སྤྱོད་ཁྲོམ་ར་དང་སྦྲེལ་མཐུད་ནུས་ལྡན་ཡོང་བར་སྐུལ་འདེད་བཏང་སྟེ་ལེགས་ལྡན་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།