[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ལྗོངས་ཀྱིས་ཚོགས་པ་བསྒྲིགས་ནས་པེ་ཅིང་རྒྱལ་སྤྱིའི་ཚན་རྩལ་ཐོན་ལས་དངོས་མང་སྟོན་ཚོགས་ལ་ཞུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-05

    ཉེ་ཆར། ཀྲུང་གོ་པེ་ཅིང་རྒྱལ་སྤྱིའི་ཚན་རྩལ་ཐོན་ལས་དངོས་མང་སྟོན་ཚོགས་སྐབས་ཉེར་གཉིས་པ་ཀྲུང་གོ་རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས་སུ་མཇུག་འགྲིལ་ཞིང་། རང་ལྗོངས་ཀྱི་འགྲེམས་ཞུགས་ཁེ་ལས་དང་བྱ་གཞག་ཚན་པ་ཁག་བརྗོད་དོན་གཙོ་བོའི་སྙན་ཞུའི་ཚོགས་འདུ་དང་ཀྲུང་གོའི་ཚན་རྩལ་གསར་གཏོད་གླེང་སྟེགས་དང་། རྣམ་གྲངས་འོས་སྦྱོར་ཚོགས་འདུ། འགྲེམས་སྟོན་སོགས་ཕྱོགས་བསྡུས་བྱེད་སྒོར་ཞུགས་པ་རེད། བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། རང་ལྗོངས་ཀྱི་འཐུས་མི་ཚོགས་པས་ས་གནས་ས་ཐོག་ཏུ་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི་30.6ཟིན་པ་མ་ཟད། ད་དུང་མཉམ་ལས་གན་རྒྱ་13(ཚབ་གཉེར་ཚོང་པ་ཚུད་པ)བཞག་པ་དང་རྣམ་གྲངས་48ལ་འདོད་མོས་བྱུང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་ཚན་རྩལ་ཐོན་ལས་དངོས་མང་སྟོན་ཚོགས་ལ“ཚན་རྩལ་གསར་གཏོད་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད”བརྗོད་དོན་གཙོ་བོར་བྱས་པ་དང་། རྒྱལ་ཁབ་དང་ས་ཁུལ་19ཡི་ཞིང་ཆེན་དང་གྲོང་ཁྱེར(རང་སྐྱོང་ལྗོངས)གྱི་འཐུས་མི་ཚོགས་པ་20ལྷག་ཙམ་དང་ཁེ་ལས་1200ལྷག་ཙམ་ཞུགས་ཡོད་པ་རེད། རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཞིབ་འཇུག་ཁང་དང་། བོད་ལྗོངས་མི་རིགས་སློབ་ཆེན། བོད་ལྗོངས་ཧྲེང་ཞུའེ་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སི་སོགས་ཚན་ཞིབ་ཁང་དང་། མཐོ་སློབ། ཚན་རྩལ་རྣམ་པའི་ཁེ་ལས་བཅས་28ཀྱིས་འོས་སྦྱོར་རྣམ་གྲངས་80ལྷག་ཙམ་དང་ཚན་ཞིབ་གྲུབ་འབྲས་120ལྷག་ཙམ་ཁྱེར་ནས་འགྲེམས་སྟོན་ལ་ཞུགས་ཏེ། རྒྱལ་ཡོངས་ལ་ཕྱོགས་ནས་ཚོང་འགུགས་འོས་སྦྱོར་གྱིས་མཉམ་ལས་རོགས་ཟླ་བཙལ་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།