[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཞིང་པར་ཞབས་འདེགས་ཞུ་བའི་དམིགས་ཡུལ་ལག་ལེན་བསྟར་ནས་ཞབས་འདེགས་ཀྱི་འཇོན་ཐང་ཆེ་རུ་བཏང་བ།

    —— བོད་ཀྱི་མཁོ་འཚོང་མཉམ་ལས་ཁང་གི་ལས་དོན་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-08

    གླེང་གཞི།

    མཁོ་འཚོང་མཉམ་ལས་ཁང་ནི་ཞིང་པར་ཞབས་འདེགས་ཞུ་བའི་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཤིག་རེད་ལ། “ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་པའི་ཏང་དང་སྲིད་གཞུང་གི་གཞི་རྟེན་གལ་ཆེན་ཡང་རེད།

    དཔལ་འབྱོར་མཐོང་རྒྱ།

    ཉེ་བའི་ལོ་ཤས་རིང་། བོད་ཀྱི་མཁོ་འཚོང་མཉམ་ལས་བྱ་གཞག་གི་ཕྱོགས་བསྡུས་སྒྱུར་བཅོས་དེ་གནས་ནས་ཁྱོན་བར་ལ་གོ་རིམ་ལྡན་པའི་ངང་བྱས་ཤིང་། ལས་དོན་ཁག་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།

    སྒྲིག་སྲོལ་ལམ་སྲོལ་ཉིན་བཞིན་འཐུས་སྒོ་ཚང་དུ་སོང་བ།

    རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མཁོ་འཚོང་མཉམ་ལས་ཁང་གི་ཕྱོགས་བསྡུས་སྒྱུར་བཅོས་དེ“ཕྱོཌ་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་དང་། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ཀྱི་སྤྱི་འདོམས་འཆར་འགོད་ནང་བཅུག་པ་དང་། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡག་པོ་བྱ་རྒྱུ་རྩ་བའི་ཐབས་ལམ་དུ་བྱས་ཏེ། 《བོད་རང་སྐྱོང་ལྗོངས་མཁོ་འཚོང་མཉམ་ལས་ཁང་གི་ཕྱོགས་བསྡུས་སྒྱུར་བཅོས་ལག་བསྟར་ཇུས་གཞི》བཀྲམ་པ་དང་འབྲེལ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་འགན་ཁག་བགོས་དོ་དམ་འགོ་ཁྲིད་ཀྱིས་དངོས་སུ་མཛུབ་ཁྲིད་དང་། ལྗོངས་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་ལས་གྲུབ་པའི་བོད་རང་སྐྱོང་ལྗོངས་ཀྱི་མཁོ་འཚོང་མཉམ་ལས་ཁང་གི་ཕྱོགས་བསྡུས་སྒྱུར་བཅོས་ལས་དོན་གྱི་ཆེད་དོན་ཚན་ཁག་བཙུགས་པ་དང་། མཉམ་ཞུགས་ཚོགས་འདུའི་ལམ་སྲོལ་བཟོས་ཏེ་མཁོ་འཚོང་མཉམ་ལས་ཁང་གི་ཕྱོགས་བསྡུས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བར་མཛུབ་ཁྲིད་ནུས་ལྡན་བྱས་ཁར་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་དམིགས་ཚད་ལས་འགན་གསལ་པོ་བཟོས་པ་རེད།

    2018ལོའི་ལོ་མཇུག་ཏུ། ལྗོངས་ཡོངས་ཀྱི་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟའི་ཉམས་མྱོང་སྤེལ་རེས་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག སྒྱུར་བཅོས་ཚོད་ལྟའི་ཉམས་མྱོང་དང་བྱེད་སྟངས་ཁྱོན་ཡོངས་ནས་ཕྱོགས་སྡོམ་དང་ཁྱབ་གདལ་བཏང་བ་མ་ཟད། གཞིས་རྩེ་གྲོང་ཁྱེར་དང་མངའ་རིས་ས་ཁུལ་གྱི་མཁོ་འཚོང་མཉམ་ལས་ཁང་སྒྲིག་འཛུགས་བྱས་ཏེ། ཉིང་ཁྲི་གྲོང་ཁྱེར་མཁོ་འཚོང་མཉམ་ལས་ཁང་དུ་བསྐྱོད་ནས་སློབ་སྦྱོང་དང་སྤེལ་རེས་བྱས་ཏེ་ཕྱོགས་བསྡུས་སྒྱུར་བཅོས་ལས་དོན་གཏིང་ཟབ་སྤེལ་བར་སྐུལ་འདེད་བཏང་བ་རེད།

    གཉེར་སྐྱོང་ཞབས་འདེགས་ལས་དོན་ཏན་ཏིག་སྤེལ་བ།

    ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་མཁོ་འཚོང་མཉམ་ལས་ཁང་གིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བྱས་ཏེ། མཁོ་འཚོང་མཉམ་ལས་ཁང་གི་དམིཌ་བསལ་ལེགས་ཆ་འདོན་སྤེལ་གང་ལེཌ་བྱས་པ་དང་། ལྗོངས་ཡོངས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་བྱ་སྤྱོད་འཆར་གཞིར་དམ་པོར་དམིཌ་ནས་གཉེར་སྐྱོང་ཞབས་འདེགས་མ་ལག་འཛུགས་སྐྱོང་གང་ལེགས་བྱས་པ་རེད།

    མཁོ་འཚོང་སྤྱི་ཁྱབ་ཁང་གི་གཞི་རིམ་རྩ་འཛུཌ་འཕེལ་རྒྱས་ཀྱི་ཆེད་དོན་མ་དངུལ་རེ་ཞུ་བྱས་པ་བརྒྱུད། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོ་ཁེ་གསུམ་མཁོ་འཚོང་མཉམ་ལས་ཁང་སོཌ་གཞི་རིམ་མཁོ་འཚོང་མཉམ་ལས་ཁང་11བཙུཌ་ནས་གོང་འཕེལ་བཏང་བ་དང་སྦྲགས། ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་ལ་སྔ་སྣུར་དུ་མཁོ་འཚོང་མཉམ་ལས་ཁང་གིས་འགོ་ཁྲིད་ནས་བཙུཌ་པའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་མཉམ་འབྲེལ་ཁང་ཐོག་མ་དེ་བཙུགས་པ་རེད།

    རང་སྐྱོང་ལྗོངས་མཁོ་འཚོང་མཉམ་ལས་ཁང་གི་ཀྲུའུ་རེན་ལུང་ཏཱ་ཁེས་རང་སྐྱོང་ལྗོངས་ཀྱིས་2020ལོར་སླེབས་སྐབས་མཁོ་འཚོང་མཉམ་ལས་ཁང་གི་མ་ལག་དེ་ཞིང་པ་དང་འབྲེལ་མཐུད་དེ་བས་དམ་ཟབ་དང་། ཞིང་པར་ཞབས་འདེགས་ཞུ་བའི་བྱེད་ནུས་དེ་བས་འཐུས་སྒོ་ཚང་བ། ཁྲོམ་ར་ཅན་གྱི་གཉེར་སྐྱོང་དེ་བས་ཕན་འབྲས་ཆེ་བ་བཅས་ཀྱི་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཀྱི་མ་ལག་ཅིག་ཏུ་བཏོད་དེ། ཏང་དང་སྲིད་གཞུང་གིས་ཞིང་པ་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་སྦྲེལ་ཟམ་ཞིག་ཏུ་འགྱུར་བར་བྱས་ནས། ཞིང་ལས་དེང་རབས་ཅན་འཛུགས་སྐྲུན་ཁྲོད་ནུས་པ་དེ་བས་ཆེ་བ་འདོན་པར་བརྩོན་ལེན་བྱ་རྒྱུ་རེད་ཅེས་བཤད།

    ཞིང་པར་ཞབས་འདེགས་ཞུ་བའི་ནུས་པ་རིམ་བཞིན་ཆེ་རུ་སོང་བ།

    ཉེ་བའི་ལོ་ཤས་རིང་། མཁོ་འཚོང་མཉམ་ལས་ཁང་གིས་མཁོ་འཚོང་སྤྱི་ཁྱབ་ཁང་གི“དྲ་བ་གསར་པའི་འདུ་འགོད”ལ་བརྟེན་ནས། བོད་ཀྱི་ཞིང་འབྲེལ་རྣམ་གྲངས་ལ་མ་འཇོག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་དང་། ཞིང་པར་ཞབས་འདེགས་ཞུ་བའི་བྱེད་ནུས་ཟམ་མི་ཆད་པར་ཆེ་རུ་བཏང་བ་རེད། འདི་ལོའི་ཟླ་9པའི་བར། “དྲ་བ་གསར་པའི་འདུ་འགོད”ལ་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་ཁྲི་5226བཏང་ནས་ཁྱོན་རྣམ་གྲངས་49བསྐྲུན་པ་དང་། “རྒྱལ་ཁབ་ཞིང་ལས་ཕྱོཌ་བསྡུས་གསར་སྤེལ”རྣམ་གྲངས་ཀྱིས་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་ཁྲི་1360དོན་འཁྱོལ་བྱས་ནས་ཁྱོན་རྣམ་གྲངས་7ལག་ལེན་བསྟར་བ་རེད། རྣམ་གྲངས་འདི་དག་ལག་ལེན་བསྟར་བ་བརྒྱུད། རིམ་རྩིས་བྱས་ན་ཆེད་ལས་དུད་ཚང་2300ལྷག་ཙམ་གསར་དུ་སྣེ་ཁྲིད་ཐུབ་པ་དང་། ཞིང་འབྲོག་པར་ལས་ཞུགས་ལས་གནས་4000ལྷག་ཙམ་མང་དུ་བཏང་བ་དང་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་3.4ལྷག་ཙམ་བྱུང་བ་རེད།

    དེ་དང་ཆབས་ཅིག ལྗོངས་ཡོངས་ཀྱི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་སོགས་མཉམ་ལས་དཔལ་འབྱོར་རྩ་འཛུཌ་ཀྱི་འགན་འཁུར་བར་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་དང་། ཐོན་རྫས་བྲིན་ཚོང་། ཁྲོམ་ར་རྒྱ་སྐྱེད་སོགས་ཀྱི་ཆེད་དོན་གསོ་སྦྱོང་བྱས་པས། མཉམ་ལས་དཔལ་འབྱོར་རྩ་འཛུགས་ཀྱི་ཚད་ལྡན་ཅན་དང་ཚད་གཞི་ཅན་གྱི་ཐོན་སྐྱེད་དང་གཉེར་སྐྱོང་ནུས་པ་ཆེ་རུ་ནུས་ལྡན་སོང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།