[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • རྒྱལ་ཡོངས་མཁོ་འཚོང་ཁོངས་གཏོགས་ཀྱིས།

    བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱེད་པའི་ཐོན་ཚོང་སྦྲེལ་མཐུད་ཚོགས་འདུར་གཡུར་ཟའི་གྲུབ་འབྲས་ཐོབ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-08

     ཉིན་ཤས་གོང་། ཀྲུང་ཧྭ་རྒྱལ་ཡོངས་མཁོ་འཚོང་སྤྱི་ཁྱབ་མཉམ་ལས་ཁང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག རྒྱལ་ཡོངས་མཁོ་འཚོང་ཁོངས་གཏོགས་ཀྱིས་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱེད་པའི་ཐོན་ཚོང་སྦྲེལ་མཐུད་ཚོགས་འདུ་ལྷ་སར་འཚོགས་ཤིང་། སྦྲེལ་མཐུད་ཚོགས་འདུར་གཡུར་ཟའི་གྲུབ་འབྲས་ཐོབ་པ་རེད།

    རོགས་སྐྱོར་གྱི་ཕུགས་ཕན་ལམ་སྲོལ་རགས་ཙམ་ཆགས་པ། ཀྲུང་ཧྭ་རྒྱལ་ཡོངས་མཁོ་འཚོང་སྤྱི་ཁྱབ་མཉམ་ལས་ཁང་དང་བོད་རང་སྐྱོང་ལྗོངས་མཁོ་འཚོང་མཉམ་ལས་ཁང་དབར་སྡེ་ཁུལ་མཉམ་ལས་ཀྱི་དྲན་ཐོར་མིང་རྟགས་བཀོད་པ་དང་། ཁ་གཏད་རོགས་སྐྱོར་ས་ཁུལ་གྱི་མཁོ་འཚོང་མཉམ་ལས་ཁང་གི་འཐུས་མིས་ལྗོངས་མཁོ་འཚོང་མཉམ་ལས་ཁང་དང་། རོགས་སྐྱོར་བྱ་ཡུལ་གྲོང་ཁྱེར། ས་ཁུལ་དང་ཁག་སོ་སོ་དང་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད་པ་དང་། ཀྲུང་གོ་མཁོ་འཚོང་ཚོགས་པ་དང་ཁ་གཏད་རོགས་སྐྱོར་ས་ཁུལ་གྱི་མཁོ་འཚོང་མཉམ་ལས་ཁང་ཁོངས་གཏོགས་ཀྱི་ཁེ་ལས་ཀྱི་འཐུས་མིས། རང་ལྗོངས་ཀྱི་ཐོན་ཚོང་གི་ཁྱད་ལྡན་ཐོན་རྫས་ཁེ་ལས་དང་ཁྱད་ལྡན་ཐོན་རྫས་ཉོ་སྒྲུབ་མཉམ་ལས་དང་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད་ནས། བོད་ཀྱི་མཁོ་འཚོང་མཉམ་ལས་ཁང་གི་སྒྱུར་བཅོས་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་ཕུགས་ཕན་ལམ་སྲོལ་ནུས་ལྡན་བཙུགས་ཏེ། བོད་ཀྱི་མཁོ་འཚོང་མཉམ་ལས་ཁང་གི་སྒྱུར་བཅོས་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་པ་རེད།

    དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེཌ་བྱས་པའི་ཕན་འབྲས་མངོན་གསལ་དོད་པ། མཁོ་འཚོང་ཁོངས་གཏོགས་ཀྱི་ཚོགས་ཞུགས་འཐུས་མི་དང་ལྗོངས་མཁོ་འཚོང་མཉམ་ལས་ཁང་གིས་ལྗོངས་ཡོངས་ལ་ཕྱོགས་ཏེ། ཁེ་ལས་73འགྲེམས་སྟོན་འགྲེམས་ཚོང་ལྟེ་གནས་ལ་གདམ་གསེས་འོས་སྦྱོར་བྱས་པ་དང་། སྤེལ་རེས་མཉམ་ལས་བྱས་ཏེ་ཁྱོན་མཉམ་ལས་གྲོས་མཐུན་17ལ་མིང་རྟགས་བཀོད་པར་མ་དངུལ་སྒོར་དུང་ཕྱུར་1.34ཙམ་ཟིན་ཡོད། ཧྥུའུ་ཅན་ཞིང་ཆེན་མཁོ་འཚོང་མཉམ་ལས་ཁང་གི་དྲ་ཐོག་ཚོང་དོན་ཚད་ཡོད་ཀུང་སི་ཞིག་གིས་བོད་ལྗོངས་ཇོ་མོ་གླང་མ་འཁྱཌ་རོམ་གཏེར་ཆུ་ཐོན་ཁུངས་གསར་སྤེལ་ཚད་ཡོད་ཀུང་སི་དང་དུས་ཡུན་ལོ་3དང་། རིན་ཐང་སྒོར་དུང་ཕྱུར་1.2ཟིན་པའི་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་སྒྲོམ་གཞིར་མིང་རྟགས་བཀོད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།