[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཀྲོང་ཡན་གྱིས་ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-11

    རང་སྐྱོང་ལྗོངས་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་ལྟར། ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་ཆེད་དོན་སྐོར་གཟིགས་དག་ཐེར་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ཀྲོང་ཡན་ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་དུ་ཕེབས་ནས། དབུལ་སྒྲོལ་འགག་སྒྲོལ་དང་། ཐོན་ལས་འཕེལ་རྒྱས། དམངས་འཚོ་ལེགས་གཏོང་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་གནང་བ་རེད།

    ཀྲོང་ཡན་གྱིས་མཛོ་སྒང་རྫོང་གི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་པའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ལ་ཐུགས་ཁུར་ཆེན་པོ་གནང་ཞིང་། ཐེམ་ཐོག་གྲོང་རྡལ་ཡར་གྲོང་གྲོང་ཚོར་ད་ཆ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་པའི་དུད་ཚང་133ཡོད་པ་དང་། ཀྲོང་ཡན་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་བསྟན་འཛིན་ཉི་མའི་ཁྱིམ་དུ་ཕེབས་ནས་གསུང་གླེང་ལྷུགས་པོ་གནང་བ་དང་སྦྲགས། ཁྱིམ་ཚང་གི་ཡོང་འབབ་དང་། སློབ་གསོ། སྡོད་ཁང་། ཁྱིམ་ཆས་ཉོ་སྒྲུབ་སོགས་ཀྱི་གནས་ཚུལ་དང་དེ་བཞིན་དཀའ་ངལ་ཡོད་མེད་སོགས་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།

    བསྟན་འཛིན་ཉི་མ་ཁྱོ་ཤུག་གིས་རྫོང་ལས་རིགས་ལག་རྩལ་སློབ་གྲྭར་འཚེམ་བཟོ་གསོ་སྦྱོང་དང་ལེན་བྱས་ནས། ད་ཆ་ལག་འཚེམ་གྱོན་ཆས་ཕྱིར་ཚོང་ཁོ་ནར་ལོ་རེར་འབབ་འཕར་སྒོར་ཁྲི་1ལྷག་ཙམ་ཡོང་གི་ཡོད་པ་ཤེས་རྗེས། ཀྲོང་ཡན་དགྱེས་ཚོར་ཆེན་པོ་བྱུང་ཞིང་། ཁོང་གིས་བསྟན་དོན། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་དང་ཐག་ཉེ་ས་དང་སྟབས་བདེ་ས་དང་། ཕ་ཡུལ་དང་ཁ་མི་འབྲལ་བ། སྒྲུབ་ཐུབ་པ། སྒྲུབ་ཤེས་པ་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། ཕུགས་ལ་དམིགས་པ་དང་ཡུལ་བབ་དང་བསྟུན་ནས་ལྷན་སྦྱར་ཐོན་ལས་འཆར་འགོད་དང་འཛུགས་སྐྱོང་བྱེད་པ། ལས་ཞུགས་རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྩ་འཛུགས་ཅན་གྱི་ཚད་གཞི་མཐོ་རུ་གཏོང་བ། ལས་ཞུགས་ལས་གནས་སྔར་བས་མང་པོ་གཏོད་པ་བཅས་བྱས་ཏེ། མང་ཚོགས་ཐོན་ལས་འཕེལ་རྒྱས་ནང་ཞུགས་པ་བརྒྱུད་འབབ་འཕར་ཕྱུག་འགྱུར་ཡོང་བ་དང་། མང་ཚོགས་ལ་ལས་ཀ་ཡོད་པ་དང་། བརྟན་པོ་ཡོད་པ། ཕྱུག་འགྱུར་ཐུབ་པ་བཅས་ཡོང་བའི་འགན་ལེན་བྱེད་དགོས། ཀྲོང་ཡན་གྱིས་ཁོང་ཚོར་བྱིས་པའི་སློབ་གསོར་མཐོང་ཆེན་བྱས་ནས་བྱིས་པ་ཚང་མ་སློབ་ཆེན་འགྲིམས་ཐུབ་པར་བྱས་ཏེ། ཏང་དང་རྒྱལ་ཁབ་ལ་ཕན་པའི་ཤེས་ལྡན་པ་ཡག་པོ་ཞིག་ཏུ་འགྱུར་བར་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད།

    མཛོ་སྒང་རྫོང་གིས་དབུལ་སྒྲོལ་འགག་སྒྲོལ་གོ་སྐབས་སུ་བརྩིས་ཏེ རྒྱལ་ལམ་318དང་214ལ་བརྟེན་ནས། འབྲུག་ར་ཁུལ་གསར་བཏོད་ཡོད། ཁུལ་གསར་ནང་བགྲོད་ལམ་ཞེང་ཁ་ཆེ་བ་དང་། ཁྲོམ་གཞུང་གྲལ་འགྲིག་པ། བོད་ཤར་གྱི་དམངས་སྲོལ་རིག་གནས་ཀྱི་རྣམ་པ་ཟབ་པ། མདོང་དྲའི་མ་ལག་འཐུས་སྒོ་ཚང་བ་བཅས་ཡོད་པ་དང་། ཁུལ་གསར་བསྐྲུན་རྗེས་ཞག་སྡོད་དང་། བཟའ་བཏུང་། ཡུལ་སྐོར་སོགས་འཕེལ་རྒྱས་བཏང་བ་ལས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་མང་ཚོགས་ལ་ལས་གནས་400ལྷག་མཁོ་འདོན་ཐུབ་པ་མཁྱེན་རྗེས། ཀྲོང་ཡན་དགྱེས་ཚོར་ཆེན་པོ་བྱུང་ཞིང་། ཁོང་གིས་གྲོང་ཁྱེར་འཛུགས་སྐྲུན་བྱེད་པར་སྔོན་ལ་འཆར་འགོད་བྱེད་དགོས། འཆར་འགོད་ཚན་རིག་དང་མཐུན་པ་བྱུང་ན་ཕན་འབྲས་ཆེ་ཤོས་ཐོན་ཐུབ། འཆར་འགོད་ལ་ནོར་འཁྲུལ་བྱུང་ན་འཕྲོ་བརླག་ཆེ་ཤོས་སོང་བ་དེ་ཡིན་པས། གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན་བྱེད་པའི་ཁྲོད་ཀྱི་ལས་ཞུགས་དང་། སློབ་གསོ། སྨན་བཅོས། སྤྱི་ཚོགས་འགན་སྲུང་སོགས་ལ་སྤྱི་འདོམས་བསམ་གཞིག་བྱས་ནས། གནས་སྤོས་མང་ཚོགས་ཚང་མར་གཞི་རྩའི་ཞབས་ཞུ་ལོངས་སྤྱོད་ཡོང་བ་བྱེད་དགོས། ཁུལ་གསར་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་གནས་སྤོས་མང་ཚོགས་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་ཏེ། དུད་ཚང་དབུལ་པོ་ཚང་མ་ནས་ཉུང་མཐར་ཡང་ངལ་རྩོལ་ནུས་ཤུགས་གཅིག་ལས་ཞུགས་བརྟན་པོ་ཐུབ་རྒྱུའི་འགན་ལེན་བྱེད་དགོས་ཞེས་བསྟན་པ་རེད།

    ཀྲོང་ཡན་གྱིས་བརྟག་ཞིབ་གནང་སྐབས་བསྟན་དོན། དབུལ་སྒྲོལ་འགག་སྒྲོལ་ནི་འགག་སྒྲོལ་དམག་འཐབ་ཆེ་མོ་གསུམ་གྱི་གྲས་ཤིག་ཡིན་པས། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ་དང་རྒྱལ་ཁ་ཐོབ་པ་བྱ་རྒྱུ་ནི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན། ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱིས་སྐོར་གཟིགས་བྱེད་སྐབས་ཤེས་རྟོགས་བྱུང་བའི་གནད་དོན་གྱི་དག་ཐེར་ལས་དོན་ཡག་པོ་སྒྲུབ་པར་དུས་ཚོད་ཛ་དྲག་པ་དང་ལས་འགན་ལྕི་ལ་འགན་འཁྲི་དེ་བས་ཀྱང་ཆེན་པོ་ཡོད། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་ལྟར། ཡིད་ཆེས་བརྟན་གཏོང་དང་། ངར་ཤུགས་གཅིག་སྒྲིམ། དོ་དོ་ནན་ནན་བཅས་བྱས་ཏེ། སྤྱི་ཡོངས་ཀྱི་བླང་བྱ་ཁོང་དུ་ཆུད་པ་དང་བྱེ་བྲག་གི་གནད་དོན་ཐག་གཅོད་ཀྱང་བྱས་ནས། སྐོར་གཟིགས་བྱེད་སྐབས་ཤེས་རྟོགས་བྱུང་བའི་གནད་དོན་རེ་རེ་བཞིན་དག་ཐེར་དོན་འཁྱོལ་ཡོང་བ་ཡག་པོ་བྱས་ཏེ་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་བཤེར་ཐུབ་པར་བྱེད་དགོས།

    བརྟག་ཞིབ་གནང་རིང་། ཀྲོང་ཡན་གྱིས་མཛོ་སྒང་རྫོང་གཞོན་ནུ་ལོ་ཆུང་གི་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞིར་གཟིགས་སྐོར་གནང་བ་མ་ཟད། ད་དུང་མཛོ་སྒང་དགོན་དུ་ཕེབས་ནས་བརྟན་ལྷིང་སྲུང་སྐྱོང་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་ཀྱང་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།