[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཆེ་དགྲ་ལྷས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུའི་ཐོག་ནན་བཤད་གནང་དོན།

    བོད་ཀྱི་གསོ་བ་རིག་པའི་བྱ་གཞག་དང་ཐོན་ལས་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་མི་རིཌ་ཁག་གི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་སྐྲུན་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-12

    ཉེ་ཆར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་སྟེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ལུགས་གསོ་རིག་ལས་དོན་ཐད་བཏོན་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། རང་ལྗོངས་ཀྱི་བོད་ལུགས་གསོ་རིག་རྒྱུན་འཛིན་དང་། གསར་གཏོད། འཕེལ་རྒྱས་བཅས་ཀྱི་ལས་དོན་ལ་ཞིབ་འཇུག་ཀྱང་གནང་བ་རེད།

    ཆེ་དགྲ་ལྷས་བསྟན་དོན། འབྱུང་ཁུངས་དང་རྩ་བ་ཚུགས་ས་ཀྲུང་ཧྭ་མི་རིགས་ཡིན་པའི་བོད་ཀྱི་གསོ་བ་རིག་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་གསོ་རིག་དང་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། བོད་ཀྱི་གསོ་བ་རིག་པ་རྒྱུན་འཛིན་དང་། གསར་གཏོད། འཕེལ་རྒྱས་བཅས་གཏོང་རྒྱུ་ནི་བདེ་ཐང་བོད་ལྗོངས་འཛུགས་སྐྲུན་དང་འབྲེལ་བ་ཡོད་ལ། མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་རྒྱུ་དང་ཡང་འབྲེལ་བ་ཡོད། བསམ་བློ་སྔར་བས་གཅིག་གྱུར་དང་ངོས་འཛིན་མཐོར་གཏོང་གིས“མིག་མངས་འགྲིག་སྐོར་གཅིག”གི་འདུ་ཤེས་བརྟན་པོ་འཛུགས་པ་དང་། ཚད་མཐོའི་འགན་འཁྲི་ཁུར་སེམས་དང་། ལས་འགན་སྒྲུབ་སེམས། དགོས་གཏུག་གི་སེམས་པ་བཅས་ལ་བརྟེན་ནས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་འདི་ཉིད་རྒྱུན་འཛིན་དང་། གསར་གཏོད། འཕེལ་རྒྱས་བཅས་གཏོང་བའི་ལོ་རྒྱུས་ཀྱི་འགན་འཁྲི་ལྕི་པོ་ཕྲག་སྟེང་དུ་ཏན་ཏིག་འཁུར་བ་དང་། བོད་ཀྱི་གསོ་བ་རིག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་གྲུབ་པ་བྱས་ཏེ་ལོ་ངོ་སྟོང་གི་མཆོག་ནོར་ཡིན་པའི་བོད་ཀྱི་གསོ་བ་རིག་པར་བཀྲག་མདངས་དེ་བས་ཆེ་བ་འཚེར་བ་བྱེད་དགོས་པ་དང་། བསམ་བློར་སྔར་བས་བཅིངས་འགྲོལ་དང་འདུ་ཤེས་གསར་བརྗེས་ཀྱིས་སྔོན་ཐོན་གྱི་ཉམས་མྱོང་སློབ་སྦྱོང་དང་། ཤེས་ལྡན་མི་སྣའི་དཔུང་ཁག་དང་ཚན་ཞིབ་ལས་སྟེགས་སྐྲུན་པར་ཤུགས་སྣོན་བརྒྱབ་ཏེ་རང་ལྗོངས་ཀྱི་བོད་ཀྱི་གསོ་བ་རིག་པའི་ཐོན་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ། ཞན་ཆར་དམིགས་ཏེ་བོད་ཀྱི་གསོ་བ་རིག་པ་ཚད་ལྡན་ཅན་དང་། གཞི་ཁྱོན་ཅན། ཐོན་ལས་ཅན། རྟེན་གཞི་ཅན་བཅས་ཀྱི་འཛུགས་སྐྲུན་ལ་གཞིགས་པ་དང་། ཐོན་སློབ་ཞིབ་གསུམ་ཟུང་འབྲེལ་ལ་བརྟེན་ནས་ཁྲོམ་ར་དང་སྲིད་གཞུང“ཕྱོགས་གཉིས”ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་མགྱོགས་མྱུར་བྱས་ཏེ་བོད་ཀྱི་གསོ་བ་རིག་པའི་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་རྒྱུར་སྐུལ་འདེད་བཏང་ནས་བོད་ཀྱི་གསོ་བ་རིག་པའི་ཞབས་ཞུས་ལྗོངས་ཡོངས་དང་ཐ་ན་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་མང་ཚོགས་ལ་ཕན་པ་འདོགས་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།