[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ལྗོངས་སྲིད་གྲོས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་དྲན་གསོ་ཞུ་བའི་མཚམས་སུ།

    ཏིང་ཡེ་ཤན་གྱིས་འགོ་བརྗོད་དུ《ཏང་གི་འགོ་ཁྲིད་ནི་བོད་ལྗོངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་ཡར་ཐོན་ཡོང་བའི་རྩ་བའི་འགན་ལེན་ཡིན》ཞེས་འཁོད་པའི་མཚན་བཀོད་རྩོམ་ཡིག་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-12

    ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་བ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཀྲུང་དབྱང་གི་སྲིད་གྲོས་ལས་དོན་ཚོགས་འདུ་དང་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པའི་མཚམས་སུ་དང་བོད་ལྗོངས་སྲིད་གྲོས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་བསུ་བ་ཞུ་བའི་མཚམས་སུ། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་གྱིས་འགོ་བརྗོད་དུ《ཏང་གི་འགོ་ཁྲིད་ནི་བོད་ལྗོངས་སྲིད་གྲོས་བྱ་གཞག་འཕེལ་རྒྱས་ཡར་ཐོན་ཡོང་བའི་རྩ་བའི་འགན་ལེན་ཡིན》ཞེས་འཁོད་པའི་མཚན་བཀོད་རྩོམ་ཡིག་སྤེལ་བ་རེད།

    རྩོམ་ཡིག་ནང་བསྟན་དོན། 1956ལོའི་ཟླ་7ཚེས་6ཉིན། ཀྲུང་གུང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད། བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་ཐེངས་དྲུག་པ་འཚོགས་ཏེ《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བོད་ལྗོངས་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་སྐོར་གྱི་གྲོས་ཆོད》ལ་གྲོས་འཆམ་བྱུང་བ་རེད། 1959ལོའི་ཟླ་12ཚེས་20ཉིན། བོད་ལྗོངས་སྲིད་གྲོས་ནི་རང་རེའི་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་ཏཱ་ལའི་རུ་ཚོགས་ཀྱི་ཕྱོགས་ཡོངས་ཀྱི་དྲག་པོའི་ངོ་ལོག་ཟིང་འཁྲུག་ཞོད་འཇགས་གཏོང་བའི་མེ་སྒྱོགས་ཀྱི་ལྡིར་སྒྲ་དང་དམངས་གཙོའི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་དུས་རབས་ཀྱི་གོམ་སྟབས་ཁྲོད་དུ་དབུ་བརྙེས་པ་ཞིག་རེད། དབུ་བརྙེས་མ་ཐག་པའི་སྐབས་ནས་བོད་ལྗོངས་སྲིད་གྲོས་ཀྱིས་རང་རེའི་ཏང་གིས་དཀྲིས་པའི་ཐོག་མའི་ལས་འགན་མཐའ་འཁྱོངས་ཀྱིས་སྲིད་གྲོས་ལ་ཞུགས་མཁན་ཕྱོགས་ཁག་དང་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣར་མཐུན་སྒྲིལ་སྣེ་ཁྲིད་གང་ཐུབ་བྱས་ཏེ་རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་པ་དང་། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་གཙོ་བོ་གཉིས་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་། ཆེས་རྒྱ་ཁྱབ་ཀྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་ཟམ་མི་ཆད་པར་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ། ཏང་དང་སྲིད་གཞུང་གིས་ཟིང་འཁྲུག་ཞོད་འཇགས་དང་། དམངས་གཙོ་བཅོས་སྒྱུར། རང་སྐྱོང་ལྗོངས་དབུ་བརྙེས་པ། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན། སྒྱུར་བཅོས་སྒོ་དབྱེ་སོགས་ལོ་རྒྱུས་ཀྱི་དུས་མཚམས་ཁག་གི་ལས་འགན་གལ་ཆེན་ལ་རམ་འདེགས་ཀྱི་ནུས་པ་གལ་ཆེན་བཏོན་པ་དང་ལེགས་སྐྱེས་ཆེན་པོ་ཕུལ་ཡོད།

    རྩོམ་ཡིག་ནང་བསྟན་དོན། ལོ་ངོ་60ཡི་རིང་། བོད་ལྗོངས་སྲིད་གྲོས་ཏང་ཙུའུ་ཡིས་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་གི་དབང་གྲགས་ལ་སྲུང་སྐྱོང་བྱེད་པ་ཆབ་སྲིད་ཆེ་ཤོས་ལ་བརྩིས་ནས། སྲིད་གྲོས་ཀྱི་ཨུ་ཡོན་དང་ཁོ་ཚོས་འབྲེལ་གཏུག་བྱེད་པའི་རིགས་ཁོངས་ཁག་གི་མང་ཚོགས་ལ་བློ་བརྟན་འགྱུར་མེད་ངང་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་དགོས་པའི་སློབ་གསོ་ཁྲིད་སྟོན་བྱས་ཡོད། ལྷག་དོན་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། མི་རིགས་ཁག་དང་ལས་རིགས་ཁག་ལ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་རང་རྟོགས་ངང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས། བོད་མ་གཞི་པེ་ཅིང་དང་ས་ཐག་རིང་ནའང་ང་ཚོའི་སེམས་པ་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་དམ་པོར་སྦྲེལ་བ་བཅས་ཀྱི་སློབ་གསོ་ཁྲིད་སྟོན་བྱས་ཏེ། ཏང་ཀྲུང་དབྱང་གི་སྲིད་དོན་མཛད་ཇུས་ཆེ་མོ་དང་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་སྲིད་གྲོས་ཀྱི་ལས་དོན་སྤྱི་ཡོངས་ལ་ལག་བསྟར་དོན་འཁྱོལ་འགན་ལེན་བྱས་ཡོད།

    རྩོམ་ཡིག་ནང་བསྟན་དོན། ལོ་ངོ་60ཡི་རིང་སྲིད་གྲོས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་པའི་ཐབས་ཇུས་བཀོད་སྒྲིག་ལྟར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚད་མཐོའི་མཐོང་ཆེན་འོག བོད་ལྗོངས་སྲིད་གྲོས་ཏང་ཙུའུ་དང་སྲིད་གྲོས་ལས་ཁུངས་ཏང་ཙུའུ། ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཡན་ལག་ཏང་ཙུའུ་7དང་སྲིད་གྲོས་ལས་ཁུངས་ཀྱི་ཏང་ཨུད། ལས་ཁུངས་ཏང་ཀྲི་པུའུ་15བཅས་ཀྱི་རྩ་འཛུགས་སྒྲོམ་གཞི་རིམ་གྱིས་བཙུགས་ནས་འཐུས་སྒོ་ཚང་དུ་བཏང་བ་མ་ཟད། ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཡན་ལག་ཏང་ཙུའུ་གཙོ་བོར་བྱེད་པ་དང་ཆེད་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཏང་ཀྲི་པུའུ་རྟེན་སར་བྱས་ནས་རིགས་ཁོངས་དང་ཨུ་ཡོན་ཁྲོད་ཏང་གི་ལས་དོན་སྤེལ་ཡོད། ལོ་རེའི་ལྗོངས་ཡོངས་ཀྱི“ཚོགས་འདུ་གཉིས”རིང་སྲིད་གྲོས་ཚང་འཛོམས་གྲོས་ཚོགས་ཀྱི་གནས་སྐབས་ཏང་ཨུད་བཙུགས་པ་དང་བརྟག་དཔྱད་ལྟ་ཞིབ་དང་སློབ་སྦྱོང་རྟོག་ཞིབ་སོགས་ཀྱི་འགན་སྒྲུབ་བྱེད་སྒོ་སྤེལ་རིང་། གནས་སྐབས་ཏང་ཀྲི་པུའུ་བཙུགས་པས་ཏང་རྩ་འཛུགས་ཏང་ཡོན་ཡོངས་སུ་ཁྱབ་པ་དང་ཏང་གི་ལས་དོན་ལས་ཀ་བསྒྲུབ་ཡུལ་ཡོངས་ལ་ཁྱབ་ཡོད། 2012ལོ་ནས་བཟུང་། ལྗོངས་ཏང་ཨུད་ཀྱིས་གཞི་རིམ་གྱི་སྲིད་གྲོས་ལས་ཁུངས་སླར་གསོ་དང་གསར་འཛུགས་ཀྱི་ཐབས་ཇུས་གལ་ཆེན་བཏོན་ནས་རྫོང་44རུ་སྲིད་གྲོས་འཛུགས་པའི་ལས་དོན་ལེགས་སྒྲུབ་བྱས་པས་རྫོང་རིམ་པའི་སྲིད་གྲོས་ཡོངས་སུ་ཁྱབ་ཡོད།

    རྩོམ་ཡིག་ནང་ནན་བཤད་བྱས་དོན། གྲོལ་མ་ཐག་པའི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནི་རང་རེའི་ཏང་གིས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་ཀྱི་ལོ་རྒྱུས་འབྲེལ་མཚམས་སུ་འཚོགས་པའི་ཚོགས་འདུ་ཧ་ཅང་གལ་ཆེན་ཞིག་རེད། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པ་དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ལས་འགན་གལ་ཆེན་དུ་བརྩི་དགོས་པ་མ་ཟད། སྲིད་གྲོས་ལས་དོན་སྐོར་གྱི་ཀྲུང་དབྱང་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་དང་ཟུང་འབྲེལ་བྱས་ནས་ཆེད་དོན་གྲོས་མོལ་སྒྲིག་གཞི་ཡིན་པའི་མི་དམངས་སྲིད་གྲོས་ཀྱི་འགན་ནུས་དང་འགན་འཁྲི་སྔར་བས་ཁ་གསལ་བཟོ་བ་དང་། དམངས་གཙོ་དར་སྤེལ་དང་མཐུན་སྒྲིལ་དམ་ཟབ་འབྲེལ་མཐུད། ཇུས་འདོན་བློ་འདྲི་དང་ཐུན་མོང་ངོས་འཛིན་གཅིག་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་གོ་རིམ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཏང་གི་བོད་སྐྱོང་མཛད་ཇུས་དང་སྤྱི་ཚོགས་བཅོས་སྐྱོང་མ་ལག་དོན་འཁྱོལ་ལ་སྐུལ་འདེད་གཏོང་རིང་གི་བོད་ལྗོངས་སྲིད་གྲོས་ཀྱི་ནུས་པ་གལ་ཆེན་སྔར་བས་ལེགས་པ་འདོན་དགོས།

    རྩོམ་ཡིག་ནང་བསྟན་དོན། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་བོད་ལྗོངས་སྲིད་གྲོས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དུས་རབས་གསར་པའི་མི་དམངས་སྲིད་གྲོས་ལས་དོན་གྱི་མཛུབ་ཁྲིད་བསམ་བློ་དང་། ཆབ་སྲིད་ཀྱི་བླང་བྱ། བརྗོད་དོན་གཙོ་བོ། ལྟེ་བའི་ལྷུ་ཚིགས། བརྗོད་དོན་གཙོ་བོ་གཉིས། འགན་ནུས་ཁག་བཞི། ཆབ་སྲིད་ཀྱི་ལས་འགན། འགན་འཁྲི་དང་ལས་འགན་བཅས་ལ་དམ་པོར་གཞིགས་པ། རྩ་དོན་གཙོ་བོ་ཁོང་དུ་ཆུད་པར་བྱེད་པ། རང་འགུལ་ངང་འགན་འཁུར་ཕོད་པ་དང་བྱས་རྗེས་འཇོག་པ། བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ། དུས་རབས་གསར་པའི་བོད་ལྗོངས་སྲིད་གྲོས་ཀྱི་ལས་དོན་ཏང་ཀྲུང་དབྱང་གིས་ཁ་གསལ་བཟོས་པའི་ལམ་ཐིག་བརྒྱུད་ཟམ་མི་ཆད་པར་གཏིང་ཟབ་ཕྱོགས་སུ་བརྟན་པོའི་ངང་སྐྱོད་པའི་འགན་ལེན་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།