[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཆབ་མདོ་གྲོང་ཁྱེར་གྱིས་རྐང་ལག་ཡ་མ་ཟུང་གི་བྱིས་པར་སྨན་རིན་མི་དགོས་པར་སྨན་བཅོས་བྱེད་པའི་སྤྱི་ཕན་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-21

    ཉེ་ཆར། ཆབ་མདོ་གྲོང་ཁྱེར་གྱི་རྐང་ལག་ཡ་མ་ཟུང་གི་བྱིས་པར་སྨན་རིན་མི་དགོས་པར་སྨན་བཅོས་བྱེད་པའི་2019ལོའི་སྤྱི་ཕན་བྱེད་སྒོ་ཁག་གཉིས་པ་ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་སྤེལ་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་སྤྱི་ཕན་བྱེད་སྒོར་པེ་ཅིང་སློབ་ཆེན་མི་དམངས་སྨན་ཁང་རུས་ཚིགས་ཚན་ཁག་དང་། པེ་ཅིང་བརྩེ་ཟབ་རུས་ཚིགས་བདེ་ཐང་སྤྱི་ཕན་ཐེབས་རྩ་ཚོགས་པ། པེ་ཅིང་ཅི་ཧྲུའེ་ཐན་སྨན་ཁང་གི་ཕྱི་བཅོས་ཚན་ཁག པེ་ཅིང་སློབ་ཆེན་གསོ་རིག་རུས་ཚིགས་ཚན་ཁག་སོགས་ཕྱི་བཅོས་ཚན་ཁག་གི་རིགས་གཅིག་མཁས་ཅན་དང་གཅེས་སེམས་མི་སྣ་19ཆབ་མདོར་སྨན་རིན་མི་དགོས་པར་སྨན་བཅོས་བྱེད་པའི་བྱེད་སྒོར་ཞུགས་པ་རེད། རིགས་གཅིག་མཁས་ཅན་ཚོས་བརྟག་དཔྱད་ནན་ཏན་དང་བློ་འདྲི་ཞིབ་ཕྲ་བྱས་པ་བརྒྱུད། བྱིས་པ་43ལ་ནད་དེ་ཕོག་པ་ཤེས་རྟོགས་བྱུང་བ་དང་། བྱིས་པ་29གཤག་བཅོས་བྱ་རྒྱུའི་གཏན་འཁེལ་བྱས་ཏེ་སྨན་ཁང་དུ་ཉར་བ་དང་དེ་ཉིན་དགོང་མོ་བཤགས་བཅོས་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།