[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • 2019ལོར་རྫོང(ཆུས)ཁག་19དབུལ་པོའི་གྲས་ནས་ཕྱིར་འཐེན་བྱེད་འཆར་སྐོར་གྱི་བོད་རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་སྤྱི་བསྒྲགས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-21

    《〈དབུལ་པོ་ནས་ཕྱིར་འཐེན་བྱེད་པའི་ལམ་སྲོལ་འཛུགས་རྒྱུའི་སྐོར་གྱི〉ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བརྡ་ཐོ》(ཐིང་ཡིག་ཨང〔2016ལོའི〕16པ)དང《〈གྲོང་ཚོ(གྲོང་ལྷན)དབུལ་པོ་ནས་ཕྱིར་འཐེན་དང་རྫོང(ཆུས)དབུལ་པོ་དབུལ་ཞྭ་འབུད་པའི་ཞིབ་དཔྱད་བྱ་ཐབས〉པར་འགྲེམས་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གཞུང་དོན་ཐིང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གི་བརྡ་ཐོ》(བོད་ཏང་ཨུད་གཞུང་དོན་ཐིང་གིས་སྤེལ་བའི་ཡིག་ཨང〔2016ལོའི〕33པ)ཡི་འབྲེལ་ཡོད་གཏན་འབེབས་དང་བླང་བྱ་གཞིར་བཟུང་། རྫོང(ཆུས)གིས་འདུན་ཞུ་དང་། ས་ཁུལ་དང་གྲོང་ཁྱེར་གྱིས་ཐོག་མའི་ཞིབ་བཤེར། རང་སྐྱོང་ལྗོངས་ཀྱིས་ས་ཆ་དངོས་སུ་ཞིབ་དཔྱད་ཚོད་སྐོར་བཅས་བྱས་པ་བརྒྱུད། གཞིས་རྩེ་གྲོང་ཁྱེར་གྱི་བཞད་མཐོང་སྨོན་རྫོང་དང་། རྒྱལ་རྩེ་རྫོང་། ས་སྐྱ་རྫོང་། ས་དགའ་རྫོང་། ལྷ་རྩེ་རྫོང་། རྣམ་གླིང་རྫོང་དང་། ཆབ་མདོ་གྲོང་ཁྱེར་གྱི་དཔའ་ཤོད་རྫོང་དང་། མཛོ་སྒང་རྫོང་། སྨར་ཁམས་རྫོང་། གོ་འཇོ་རྫོང་། བྲག་གཡབ་རྫོང་། ནག་ཆུ་གྲོང་ཁྱེར་གྱི་གསེར་རྙེད་ཆུས་དང་། སྦྲ་ཆེན་རྫོང་། ཉི་མ་རྫོང་། མཚོ་གཉིས་རྫོང་། ཤེན་རྩྭ་རྫོང་། མངའ་རིས་ས་ཁུལ་གྱི་མཚོ་ཆེན་རྫོང་དང་། སྒེར་རྩེ་རྫོང་། དགེ་རྒྱས་རྫོང་བཅས་རྫོང(ཆུས)ཁག་19ཀྲུང་དབྱང་གིས་གཏན་འབེབས་བྱས་པའི་རྫོང(ཆུས)དབུལ་པོ་ནས་ཕྱིར་འཐེན་ཆོག་པའི་དམིགས་ཚད་ཚད་གཞི་ཁག་ལོན་ཡོད། ད་ལྟ་ཕྱིར་འཐེན་མ་བྱས་གོང་སྤྱི་བསྒྲགས་བྱས་ནས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ལས་རིགས་ཁག་དང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱ་རྒྱུ་ཡིན། གལ་སྲིད་ཚན་པ་དང་མི་སྒེར་གང་རུང་ལ་བསམ་འཆར་དང་གྲོས་འགོ་ཡོད་ཚེ། ཡིག་བསྐུར་དང་། འཕྲིན་གཏོང་། ངོ་བཅར་སོགས་ཀྱི་རྣམ་པའི་ཐོག་ནས་བོད་རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའུ་གཞུང་དོན་ཁང་ལ་མིང་ངོ་མ་ནས་བསམ་འཆར་འདོན་ཆོག་གི་ཡོད།

    སྤྱི་བསྒྲགས་དུས་ཡུན། 2019ལོའི་ཟླ་11ཚེས་20ཉིན་ནས་ཚེས་26ཉིན་བར།

    འབྲེལ་གཏུག་ས་ཆ། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སེ་ར་ལྷོ་ལམ་སྒོ་རྟགས་ཨང་5པ།

    འབྲེལ་གཏུག་ཁ་པར། 0891-12317དང་0891-6334542

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།