[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • 《བོད་ཀྱི་འཕོ་འགྱུར》ཞེས་པའི་རྒྱ་ཡིག་གི་འགྱུར་མ་དཔེ་སྐྲུན་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-07

     ཉེ་ཆར། བོད་ལྗོངས་མི་རིགས་སློབ་ཆེན་ཕྱི་སྐད་སློབ་གླིང་ཡིག་སྒྱུར་ཚོགས་པས་དབྱི་སི་ལིར·ཨའེ་ཕོ་སི་ཐན་གྱིས་བརྩམས་པའི《བོད་ཀྱི་འཕོ་འགྱུར》ཞེས་པའི་རྒྱ་ཡིག་པར་གཞི་ཡིག་སྒྱུར་ཟིན་པ་དང་ཆབས་ཅིག་དཔེ་སྐྲུན་བྱས་པ་དང་། དཔེ་དེབ་དེའི་རྒྱ་ཡིག་གི་འགྱུར་མའི་པར་གཞི་མེད་པའི་སྟོང་ཆ་བསྐངས་ནས་རྒྱལ་ནང་གི་ཀློག་པ་པོས་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་སྔ་རྗེས་ཀྱི་འཕོ་འགྱུར་ཧ་ཅང་ཆེན་པོ་སྔར་བས་ཤེས་རྟོགས་བྱེད་པར་ལོ་རྒྱུས་ཀྱི་དཔྱད་གཞི་དང་རིག་གཞུང་གི་ཀློག་དེབ་མཁོ་འདོན་བྱས་ཡོད་པ་རེད།

    《བོད་ཀྱི་འཕོ་འགྱུར》ཞེས་པ་ནི་ཀྲུང་གོ་གསར་པ་དབུ་བརྙེས་རྗེས་བོད་ཀྱི་འཕོ་འགྱུར་ལ་རྒྱུན་མཐུད་དོ་ཁུར་བྱས་པའི་ཕྱི་ཕྱོགས་འཕྲིན་སྤེལ་གྱི་དབྱིན་ཡིག་གི་དེབ་དང་པོ་དེ་ཡིན་ཞིང་། ཕྱི་རྒྱལ་གྱི་ཀློག་པ་པོ་གཙོ་བོར་བྱས་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་སྔ་རྗེས་ཀྱི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ངོ་སྤྲོད་བྱས་ཏེ། ཀློག་པ་པོར་དོན་དངོས་མཚོན་ཐུབ་ཅིང་། ཟམ་མི་ཆད་པར་ཡར་རྒྱས་འགྲོ་བའི་བོད་ལྗོངས་གསར་པ་མངོན་པར་བྱས་པ་དང་ཆབས་ཅིག རིག་གཞུང་ཐོག་ནས་ཁ་ཕྲལ་ཕྱོགས་གཏོགས་ཀྱི་གདོང་རིས་ངོ་མར་ཐེར་འདོན་དགག་རྒྱག་བྱས་ནས་བོད་ནི་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་བྲལ་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་པ་རྒྱས་བཤད་བྱས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།