[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-08

    འདི་ལོའི་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་རིང་། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ནི་འཐུས་མི་དང་། ཨུ་ཡོན། དེ་བཞིན་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་མུ་མཐུད་དོ་ཁུར་བྱེད་པའི་གླེང་མང་བའི་གླེང་གཞི་ཞིག་རེད།

    2019ལོའི་ཟླ་12ཚེས་9ཉིན། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཞིབ་འཇུག་བྱས་པ་བརྒྱུད། རང་ལྗོངས་ཀྱི་རྫོང་དང་ཆུས་ལྷག་མ་19ཡི་དབུལ་ཞྭ་ཕུད་པའི་ཆོག་མཆན་གནང་བ་དེ་ཐོག་ནས་རང་ལྗོངས་ཀྱི་རྫོང(ཆུས)ཚང་མ་དབུལ་སྒྲོལ་བྱུང་བ་མཚོན་ཡོད། དེར་རང་ལྗོངས་ཀྱི་དབུལ་སྐྱོར་གསར་སྤེལ་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པས། རྒྱལ་ཡོངས་དང་མཉམ་དུ་དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྨང་གཞི་བརྟན་པོ་བཏིང་ཡོད།

    དབུལ་ཞྭ་ཕུད་རུང་འགན་འཁྲི་འཁུར་མཚམས་མི་འཇོག་པ་དང་། དབུལ་ཞྭ་ཕུད་རུང་སྲིད་ཇུས་དོན་འཁྱོལ་བྱེད་མཚམས་མི་འཇོག་པ། དབུལ་ཞྭ་ཕུད་རུང་དབུལ་སྐྱོར་བྱེད་མཚམས་མི་འཇོག་པ། དབུལ་ཞྭ་ཕུད་རུང་ལྟ་འདོམས་བྱེད་མཚམས་མི་འཇོག་པ་བཅས་བྱེད་དགོས། 2020ལོར་རང་ལྗོངས་ཀྱིས་གནད་སྨིན་དབྱེ་འབྱེད་དང་། ཐོན་ལས་འདེགས་སྐྱོར། སྲིད་ཇུས་ཀྱི་ཡར་སྐུལ། སྔོན་ལ་ལས་ཞུགས། བོད་སྐྱོར་གྱི་རོགས་སྐྱོར། སྤྱི་ཚོགས་འགན་སྲུང་གི་ཐ་སྐྱོང་བ་བཅས་ཀྱི་ལས་དོན་ཁག་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་དབུལ་སྒྲོལ་གྱི་སྤུས་ཚད་འགན་ལེན་བྱ་རྒྱུ་རེད།

    “2020ལོར་ང་ཚོས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་དབར་གྱི་སྤེལ་རེས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་འཕེལ་རྒྱས་དང་། ཞིང་འབྲོག་ལས་ཐོན་སྐྱེད། གྲོང་ཚོ་དང་གྲོང་ལྷན་གྱི་ཁོར་ཡུག་བཅོས་སྒྲིག ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ་གཏོད་པ་སོགས་ཀྱི་ལས་དོན་ལ་མཛུབ་ཁྲིད་དང་སྐུལ་སྤེལ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཐོན་ཁུངས་བཙལ་འཚོལ་གྱིས་ནས་ནག་འདེབས་འཛུགས་ལས་སྣོན་དང‘བ་གཉིས་ལུག་གཉིས’སོགས་མཉམ་ལས་ཁང་གི་མཛུབ་ཁྲིད་དང་རོགས་སྐྱོར་ལ་ཤུགས་སྣོན་བརྒྱབ་ནས། གྲོང་གསེབ་དར་རྒྱས་གཏོང་རྒྱུར་ང་ཚོས་འབད་བརྩོན་བྱེད་ཀྱི་ཡིན”ཞེས་ལྷ་རྩེ་རྫོང་སླེའུ་ཤང་སྔོ་མོ་རྫོང་གྲོང་ཚོར་བཅའ་སྡོད་ལྗོངས་ཚོང་དོན་ཐིང་ནས་བཏང་བའི་ཏང་ཀྲི་པུའི་ཧྲུའུ་ཅི་ཨང་དང་པོ་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་གཞོན་པ་ཧོང་ཧྥང་ཅུན་གྱིས་བརྗོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།