[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ལོ་གཅིག་གི་ཡོང་འབབ་ཀྱིས་སླད་ཕྱིན་གྱི་གོམ་སྟབས་བརྟན་དུ་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-08

    འབྲུག་གྲགས་ཁྲིམས་མི་ཡིན་པའི་བོད་ལྗོངས་སྤྲིན་གྱི་ཕོ་ཉའི་ཀྲི་ཀྲེན་གློག་རྡུལ་ཚན་རྩལ་ཚད་ཡོད་ཀུང་སིའི་མཉེན་ཆས་གསར་སྤེལ་ཚོགས་པས་2019ལོར་གསར་སྤེལ་བྱས་པའི་མཉེན་ཆས་རྣམ་གྲངས་ཁ་ཤས་ཀྱི་གྲས་ཤིག་ལ་2019ལོའི་སྔོན་དཔག་གི་གྲུབ་འབྲས་ཐོབ་པ་སྟེ། 2019ལོའི་ཟླ་6པར་ལྷ་ས་གྲོང་ཁྱེར་གཞུང་ཁོངས་ཁེ་ལས་ཤིག་གིས་དྲ་ཐོག་གཞུང་དོན་ཚོད་ལྟ་དངོས་སུ་བྱས་ནས་སྲོལ་རྒྱུན་གྱི་ཤོག་བུ་ཅན་གྱི་གཞུང་སྒྲུབ་ནས་ཤོག་མེད་ཅན་གྱི་གཞུང་སྒྲུབ་ཏུ་འགྱུར་ལྡོག་བཏང་བ་དང་། སྤྱི་ཁྱབ་ཀུང་སིས་གློག་ཀླད་ཀྱི་PCསྣེ་མོ་དང་ལག་ཁྱེར་ཁ་པར་སྒུལ་བདེའི་སྣེ་མོ་རིགས་གཉིས་ཀྱི་ཐབས་ལམ་བརྒྱུད། ཀུང་སིའི་ལས་སྒོ་ཞིབ་མཆན་དང་། མི་སྣ་དོ་དམ། ཡིག་ཆ་གོང་འོག་ཏུ་བརྒྱུད་སྤྲོད་སོགས་ལས་དོན་ཚང་མ་སྔར་བས་གཞི་གཅིག་ཅན་གྱི་དོ་དམ་བྱས་ནས་ཁོར་ཡུག་ལ་སྲུང་སྐྱོང་ཐུབ་ཅིང་ཕན་ནུས་ཆེན་པོ་བྱུང་སྟེ་མ་གནས་མང་པོ་ཞིག་གྲོན་ཆུང་ཐུབ་པ་དེ་རེད།

    2019ལོར་སྤྲིན་གྱི་ཕོ་ཉའི་ཀྲི་ཀྲེན་ཀུང་སིས་གློག་རྡུལ་སྲིད་དོན་ལས་སྟེགས་དང་ཁེ་ལས་དོ་དམ་མ་ལག་གསར་སྤེལ་ཧུར་ཐག་བྱས་པ་དང་། གློག་རྡུལ་སྲིད་དོན་ལས་སྟེགས་5དང་ཁེ་ལས་དོ་དམ་མ་ལག་3སྤྱོད་འགོ་ཚུགས་པར་སྤྱོད་མཁན་གྱིས་བསྔགས་བརྗོད་ཐོབ་ཡོད།

    འབྲུག་གྲགས་ཀྱིས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས‘དུས་ཚོད་ལ་དམ་འཛིན་བྱས་ནས་ལང་ཚོ་ཆུད་ཟོས་སུ་མི་གཏོང་བ’གསུངས་པ་ལྟར་བྱེད་ཀྱི་ཡིན། སླད་ཕྱིན། རྒྱལ་ཁབ་དང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག ང་ཚོའི་ལས་རིགས་འདི་འཕེལ་རྒྱས་ཇེ་ཡག་ཏུ་འགྲོ་བའི་ཡིད་ཆེས་ཡོད”ཅེས་བཤད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།