[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • པ་སྣམ་རྫོང་གིས་གཞི་རིམ་གྱི་ཚན་རྩལ་མི་སྣ་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-12

    ཉེ་ཆར། 《སོག་མ་ཕྱོགས་བསྡུས་བེད་སྤྱོད་ལག་རྩལ་དཔེ་སྟོན》གྱི་རྣམ་གྲངས་ཚོགས་ཆུང་དང་བཅས་པས་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དུ་བསྐྱོད་ནས་གཅིག་སྡུད་སློབ་ཁྲིད་དང་ས་ཆ་དངོས་སུ་མཛུབ་ཁྲིད་བྱེད་ཐབས་བརྒྱུད། པ་སྣམ་རྫོང་གི་གཞི་རིམ་ཚན་རྩལ་མི་སྣར་གསོ་སྦྱོང་བྱས་པ་རེད།

    པ་སྣམ་རྫོང་ཨུད་ཏང་གི་སློབ་གྲྭའི་ཚོགས་ཁང་དུ་རྣམ་གྲངས་ཚོགས་ཆུང་གིས་པ་སྣམ་རྫོང་གི་གྲོང་ཚོ་5ཡི་ཚན་རྩལ་གྱི་རྨང་གཞིའི་ཤེས་བྱ་ཤེས་མཁན་66ལ་གཅིག་སྡུད་སློབ་ཁྲིད་བྱས་པ་དང་། སོག་མ་ཞིང་སར་བེད་སྤྱོད་དང་གཟན་ཆག་ལས་སྣོན་སོགས་ཀྱི་ནང་དོན་ལ་དམིགས་ཏེ་དཔེ་མཚོན་དངོས་ལ་བརྟེན་ནས་སློབ་མ་ཚོར་འགྲེལ་བཤད་གཏིང་ཟབ་བརྒྱབ་པ་རེད།

    གསོ་སྦྱོང་བྱེད་རིང་། རྣམ་གྲངས་ཚོགས་ཆུང་གིས་ད་དུང་སློབ་མ་པ་སྣམ་རྫོང་ཅོན་ཧྲན་བཞོན་མ་གསོ་ཚགས་ཀྱི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དང་པ་སྣམ་འབྲས་ལྡན་གླིང་ཅོན་ཧྲན་བཞོན་མ་གསོ་ཚགས་ཀྱི་ཞིང་འབྲོག་པའི་མཉམ་ལས་ཁང་དུ་བསྐྱོད་ནས་སོག་མ་ཉར་ཚགས་ལག་རྩལ་ལ་དམིགས་ཏེ་ས་ཆ་དངོས་སུ་འགྲེལ་བཤད་བརྒྱབ་པ་རེད། ལག་རྩལ་དམར་ཁྲིད་བྱས་པ་བརྒྱུད། ལས་སྣོན་བྱེད་རིང་གི་འགག་རྩའི་ལྷུ་ཚིགས་ལ་གཙོ་གནད་མཛུབ་ཁྲིད་བྱས་ཏེ། སློབ་ཁྲིད་ནང་དོན་ཤེས་པའི་འགན་ལེན་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།