[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • རྩྭ་མདའ་རྫོང་གིས་ཐུམ་འབུའི་ནད་འགོག་བཅོས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-21

    རྫོང་ཡོངས་ཀྱི་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ཀྱི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད། ཉེ་ཆར་རྩྭ་མདའ་རྫོང་གིས་ཐུམ་འབུའི་ནད་འགོག་བཅོས་ཀྱི་འབྲེལ་ཡོད་ཤེས་བྱའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད། 

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་དྲིལ་བསྒྲགས་བྱེད་སྒོར་འཁྱམ་ཁྱི་བསྡུ་ཉར་ཁང་གི་དོ་དམ་པ་གནས་སའི་ཁོར་ཡུག་ལ་དམིགས་ནས་ཐུམ་འབུའི་ནད་ཀྱི་གནོད་འཚེ་དང་། ནད་འགོ་སྟངས། སྔོན་འགོག་བྱེད་ཐབས་བཅས་དྲིལ་བསྒྲགས་བྱས་པ་དང་། གཏན་འབེབས་ནན་པོ་གཞིར་བཟུང་ཁྱི་སྐྱག་ཐག་གཅོད་དང་མི་སྒེར་གྱི་གཙང་སྦྲ་ཡག་པོ་བྱེད་དགོས་པའི་གལ་ཆེའི་རང་བཞིན་ནན་བཤད་བྱས་པ་དང་འབྲེལ་ཐུམ་འབུའི་ནད་འགོག་བཅོས་ཀྱི་འབྲེལ་ཡོད་དྲིལ་བསྒྲགས་ལག་དེབ་དང་དྲིལ་བསྒྲགས་གསལ་བརྡ་སྤྲད་པ་རེད། 

    ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་རྩྭ་མདའ་རྫོང་གི་འཁྱམ་ཁྱི་བསྡུ་ཉར་ཁང་དུ་འཁྱམ་ཁྱི་153དང་དོ་དམ་པ་2ཡོད། དུས་ཡུན་རིང་པོའི་ནང་རྫོང་ཡོངས་ཀྱི་གོང་འོག་ཚང་མས་དྲིལ་བསྒྲགས་བྱེད་སྒོ་སྣ་ཚོགས་སྤེལ་བས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་དང་། ལས་བྱེད་པ་དང་ལས་བཟོ། སློབ་གྲྭའི་དགེ་སློབ་བཅས་ཀྱིས་ཐུམ་འབུའི་ནད་འགོག་བཅོས་ཀྱི་ཤེས་བྱ་ཤེས་ཚད་ཆེས་ཆེར་མཐོ་རུ་ཕྱིན་ཡོད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།