[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • 2020ལོའི་དམངས་འཚོའི་ལས་དོན་གསལ་འགྲེལ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-23

    “ལས་ཞུགས་ལས་གཏོད”

    དུས་མཚམས་རང་བཞིན་གྱི་ལས་ཤོར་འགན་བཅོལ་དང་ལས་རྨས་འགན་བཅོལ་གྱི་འགྲོ་གྲོན་དམའ་རུ་གཏོང་བའི་སྲིད་ཇུས་སླར་ཡང་ལོ་གཅིག་ནར་འགྱངས་བྱས་ཏེ་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལ་དམ་འཛིན་བྱེད་རྒྱུ།

    ◆ མི་སྤྱི་པུས་བསྟན་དོན། ལས་ཤོར་འགན་བཅོལ་གྱི་ལས་གནས་བརྟན་པོ་དང་ཁ་གསབ་ཕྱིར་ལོག་སོགས་རོགས་སྐྱོར་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་རྒྱུ། དུས་མཚམས་རང་བཞིན་གྱི་ལས་ཤོར་འགན་བཅོལ་དང་ལས་རྨས་འགན་བཅོལ་གྱི་འགྲོ་གྲོན་དམའ་རུ་གཏོང་བའི་སྲིད་ཇུས་སླར་ཡང་ལོ་གཅིག་ནར་འགྱངས་བྱེད་རྒྱུ།

    མཐོ་སློབ་སློབ་ཐོན་སློབ་མ་སོགས་གཞོན་ནུའི་ལས་ཞུགས་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་མཐོ་སློབ་སློབ་ཐོན་སློབ་མ་ཐབས་ལམ་མང་པོ་ནས་ལས་ཞུགས་ཐུབ་པར་སྐུལ་འདེད་གཏོང་རྒྱུ། ལས་ཤོར་མི་སྣ་སླར་ཡང་ལས་ཞུགས་ཐུབ་པར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། རྒྱུན་སྡོད་ས་ཆའི་ལས་ཤོར་ཐོ་འགོད་ལམ་ལུགས་དོན་འཁྱོལ་བྱས་ཏེ་ལས་ཤོར་མི་སྣ་དུས་ཐོག་ཏུ་ལས་ཞུགས་ལས་གཏོད་ཞབས་ཞུ་དང་སྲིད་ཇུས་རོགས་སྐྱོར་གྱི་ཁྱབ་ཁོངས་སུ་འཇུག་རྒྱུ། ལས་ཞུགས་རོགས་སྐྱོར་ལ་ཤུགས་སྣོན་བརྒྱབ་ནས་ལས་ཞུགས་ཐུབ་མེད་པའི་ཁྱིམ་ཚང་མི་ལྷག་པ་བྱ་རྒྱུ་རེད། ཁེ་ལས་ཀྱི་དགེ་ཕྲུག་ལམ་ལུགས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་དང་ལས་ཞུགས་ཀྱི་གཙོ་གནད་ཚོགས་སྤྱིའི་ཆེད་ལས་ལས་རིགས་གསོ་སྦྱོང་གི་བྱ་སྤྱོད་འཆར་གཞི་ལག་བསྟར་བྱེད་རྒྱུ། གཙོ་གནད་ཚོགས་སྤྱིའི་ལས་གཏོད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ལས་གཏོད་ཞབས་ཞུའི་འཇོན་ཐང་ཆེ་རུ་གཏོང་རྒྱུ།

    “སྤྱི་ཚོགས་འགན་སྲུང”

    སྤྱི་ཚོགས་འགན་སྲུང་གི་གྲོན་དངུལ་གཅོག་པར་མུ་མཐུད་དམ་འཛིན་ཡག་པོ་བྱས་ཏེ་ཐེབས་རྩའི་ཀྲུང་དབྱང་གི་སྙོམས་སྒྲིག་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    ★ 2020ལོར་མི་སྤྱི་པུས་གྲོན་བསྡུ་དམའ་རུ་གཏོང་བའི་ཕན་འབྲས་སྔར་བས་བརྟན་དུ་བཏང་ནས་གྲོན་བསྡུ་དམའ་རུ་གཏོང་བའི་ལས་དོན་དོན་འཁྱོལ་ལ་མུ་མཐུད་དམ་འཛིན་ཡག་པོ་བྱེད་རྒྱུ། རྒན་གསོའི་འགན་བཅོལ་ལམ་ལུགས་སྒྱུར་བཅོས་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་ཐེབས་རྩའི་ཀྲུང་དབྱང་གི་སྙོམས་སྒྲིག་ལམ་ལུགས་མུ་མཐུད་ལག་བསྟར་བྱེད་རྒྱུ་མ་ཟད། འཐུས་ཚང་དང་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་ཐེབས་རྩའི་གཏོང་ཡོང་ཐད་དཀའ་ངལ་ཡོད་པའི་ཞིང་ཆེན་ལ་རྒྱབ་སྐྱོར་དེ་བས་མང་བ་བྱེད་རྒྱུ། རྒན་གསོའི་འགན་བཅོལ་གྱི་ཞིང་ཆེན་རིམ་པའི་སྤྱི་འདོམས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་དང་རྒྱལ་ཡོངས་ཀྱི་སྤྱི་འདོམས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུ། རིམ་པ་མང་བའི་རྒན་གསོའི་འགན་བཅོལ་མ་ལག་བཙུགས་ནས་རྒན་གསོའི་འགན་བཅོལ་གྱི་འདེགས་སྐྱོར་གསུམ་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ། སྤྱི་ཚོགས་འགན་བཅོལ་གྱི་ཁྱབ་རྒྱ་ཆེ་རུ་གཏོང་བ་དང་། དམངས་ཡོངས་འགན་བཅོལ་ལ་ཞུགས་པའི་འཆར་གཞི་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ཨར་པོའི་ལས་རིགས་ཀྱིས་རྣམ་གྲངས་ལ་གཞིགས་ཏེ་ལས་རྨས་འགན་བཅོལ་ལ་ཞུགས་རྒྱུར་རྒྱུན་མཐུད་སྐུལ་འདེད་གཏོང་རྒྱུ། སྤྱི་ཚོགས་འགན་སྲུང་གི་ཐོབ་ཐང་ཚད་གཞི་བརྟན་པོའི་ངང་མཐོ་རུ་གཏོང་རྒྱུ། སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་ལྟ་འདོམས་ལ་ཤུགས་སྣོན་རྒྱག་རྒྱུ།

    “སློབ་གསོ”

    དགེ་རྒན་ལ་དམིགས་པའི་ཞིབ་བཤེར་དཔྱད་བསྡུར་ཕྱོགས་ཡོངས་ནས་གཙང་སེལ་དང་ཚད་ལྡན་བཟོས་ཏེ་མཐོ་རིམ་སློབ་འབྲིང་དཀྱུས་མའི“འཛིན་གྲྭ་ཆེ་མོ”མགྱོགས་མྱུར་མེད་པར་བཟོ་རྒྱུ།

    ◆ དགེ་རྒན་གྱིས་སློབ་མར་དོ་དམ་བྱེད་མི་ཕོད་པ་དང་བྱེད་མཁས་པོ་མེད་པའི་གནད་དོན་ལ་དམིགས་ནས་སློབ་གསོ་པུས་དགེ་རྒན་གྱིས་སློབ་གསོར་ཆད་གཅོད་བསླབ་འདོམས་ལག་བསྟར་བྱེད་པའི་སྒྲིག་སྲོལ་གང་མགྱོགས་འདོན་པ་དང་དགེ་རྒན་གྱིས་སློབ་གསོར་ཆད་གཅོད་བསླབ་འདོམས་ལག་བསྟར་བྱེད་པའི་མཛུབ་སྟོན་ལག་དེབ་སྒྲིག་བཟོ་བྱས་ནས་དགེ་རྒན་གྱིས་སློབ་གསོར་ཆད་གཅོད་བསླབ་འདོམས་བྱེད་པའི་དབང་ཚད་དང་། ཁྱབ་ཁོངས། བརྒྱུད་རིམ་བཅས་ཁ་གསལ་བཟོ་རྒྱུ།

    འོས་འགན་སློབ་གསོའི་དགེ་རྒན་གྱི་གླ་ཕོགས་ཐོབ་ཐང་ཐད། ས་གནས་ཀྱི་གྲོང་གསེབ་དགེ་རྒན་གྱི་འཚོ་བའི་ཁ་གསབ་ཚད་གཞི་མཐོ་རུ་གཏོང་རྒྱ་ཆེ་རུ་བཏང་སྟེ་དགེ་རྒན་ཚོས་བློ་བདེ་བག་ཕེབས་ངང་སློབ་ཁྲིད་བྱེད་པར་ཁྲིད་སྟོན་བྱེད་རྒྱུ། དགེ་རྒན་ལ་དམིགས་པའི་ལྟ་སྐུལ་ཞིབ་བཤེར་དང་དཔྱད་ཞིབ། དཔྱད་བསྡུར་སྣ་ཚོགས་དང་། སྤྱི་ཚོགས་རང་བཞིན་གྱི་དོན་དག་ཁག་སློབ་གྲྭར་ཁྱབ་གདལ་གཏོང་བ། སྙན་ཞུའི་རེའུ་མིག་སྣ་ཚོགས་རྒྱོང་བ། དགེ་རྒན་ཟུར་འཐེན་དང་གཡར་སྤྱོད་སོགས་བྱ་སྤྱོད་སྣ་ཚོགས་ཕྱོགས་ཡོངས་ནས་གཙང་སེལ་དང་ཚད་ལྡན་བཟོ་རྒྱུ།

    2020ལོར་སློབ་གསོ་པུས་སློབ་གསོའི་ཐོན་ཁུངས་མུ་མཐུད་རྒྱ་ཆེར་གཏོང་བ་དང་སློབ་གནས་མཁོ་སྤྲོད་མགྱོགས་སུ་བཏང་ནས་མཐོ་རིམ་སློབ་འབྲིང་དཀྱུས་མའི“འཛིན་གྲྭ་ཆེ་མོ”གང་མགྱོགས་མེད་པར་བཟོ་རྒྱུ།

    གཞུང་བཙུཌ་སློབ་གྲྭར་སློབ་སྦྱོང་བྱེད་པ་དང་སྲིད་གཞུང་གིས་ཉོས་པའི་ཞབས་ཞུ་ལོངས་སྤྱོད་མཁན་གྱིས་ལས་མིས་མཉམ་དུ་འཁྲིད་པའི་བུ་ཕྲུག་གི་བསྡུར་གྲངས་མཐོ་རུ་ཏན་ཏིག་བཏང་ནས་གྲོང་ཁྱེར་དུ་གླ་པར་ཡོང་མཁན་གྱི་བུ་ཕྲུག་སློབ་གྲྭར་སྐྱོད་དཀའ་བའི་གནད་དོན་ཐག་གཅོད་བྱེད་རྒྱུ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།