[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བར་སྐོར་སྡེ་ཁུལ་དུ“བབ་བསྟུན་སྨན་ སྒམ”སྒྲིག་སྦྱོར་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-24

    “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་ཆེད། 2019ལོར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བར་སྐོར་སྡེ་ཁུལ་གྱི་ཏང་ཀྲི་པུས་མང་ཚོགས་དབུལ་པོ་ཅུང་མང་བའི་གྲོང་མིའི་སྒོ་ར་ཆེན་པོ་6ནང“བབ་བསྟུན་སྨན་སྒམ”སྒྲིག་སྦྱོར་བྱས་པ་རེད། ཉེ་ཆར། བར་སྐོར་སྡེ་ཁུལ་གྱི་ཏང་ཀྲི་པུས“ཞབས་ཞུ་རྣམ་པའི་ཏང་རྩ་འཛུགས་དང་ཞབས་ཞུ་རྣམ་པའི་སྡེ་ཁུལ”6+2ཀྱི་ཞབས་ཞུའི་རྣམ་གྲངས་དང་ཚེ་སྲོག་བདེ་སྲུང་བྱ་སྤྱོད་སྤེལ་ཏེ། གྲོང་མིའི་སྒོ་ར་ཆེན་པོ་6གི“བབ་བསྟུན་སྨན་སྒམ”ནང་གི་སྨན་རྫས་ཁ་གསབ་དང་བརྗེས་པ་རེད།

    བར་སྐོར་སྡེ་ཁུལ་གྱིས་དྲ་མིག་ཁག་ཚོགས་ཆུང་དུ་བགོས་ཏེ། ཁོངས་གཏོགས་ཁུལ་ཁག་གི་སྒོ་རར“བབ་བསྟུན་སྨན་སྒམ”ནང་གི་སྨན་རྫས་བེད་སྤྱོད་གནས་ཚུལ་ལ་ཞིབ་བཤེར་བྱས་པ་དང་འབྲེལ། མི་འདང་བའི་སྨན་རྫས་ཁ་གསབ་དང་དུས་ཚོད་ཡོལ་བའི་སྨན་རྫས་བརྗེས་པ་རེད། “བབ་བསྟུན་སྨན་སྒམ”ནང་བབ་བསྟུན་སྨན་རྫས་རིགས་མི་འདྲ་བ་12ཙམ་བཞག་པར་སྡེ་ཁུལ་ཁོངས་གཏོགས་ཀྱི་སྒོ་ར་ཆེན་པོའི་ཙུའུ་ཀྲང་གིས་ཞིབ་བཤེར་དང་། དོ་དམ། དུས་བཀག་ལྟར་བརྗེ་སྒྱུར་བཅས་བྱེད་ཀྱི་ཡོད།

    བར་སྐོར་སྡེ་ཁུལ་གྱི་གྲོང་མི་ཨུ་ལྷན་གྱི་འགན་འཁུར་བས། མིག་སྔར་།“བབ་བསྟུན་སྨན་སྒམ”ལ་གྲོང་མི་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད། ཐེངས་འདིའི་བྱ་སྤྱོད་ལས་ཁོངས་གཏོགས་ཁུལ་གྱི་གྲོང་མིར་གློ་བུར་དུ་ན་བ་དང་བསམ་ཡུལ་འདས་པའི་རྨས་སྐྱོན་ཕོག་པ་སོགས་ཀྱི་གནས་ཚུལ་ཛ་དྲག་འཕྲད་སྐབས། དུས་ཐོག་ཏུ་སྐྱོབ་བཅོས་ཐུབ་པ་དང་ཆབས་ཅིག བདེ་ཐང་གི་འཚོ་བའི་འདུ་ཤེས་དར་ཁྱབ་དང་རང་གིས་རང་ལ་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཀྱང་ཟབ་ཏུ་ཕྱིན་་ཡོད་ཅེས་ངོ་སྤྲོད་བྱས།

    “ད་ཆ་སྡེ་ཁུལ་དུ་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་ཞིང་། དོན་གཅོད་ཁང་དང་སྡེ་ཁུལ་གྱི་གྲོང་མི་ཨུ་ལྷན་གྱིས་དམངས་ཕན་ཞབས་ཞུ་མང་པོ་སྒྲུབ་ཀྱི་ཡོད་པས། ནད་བསྟེན་པ་དང་། སྨན་ལེན་པ། ཆུ་འགྲོ་ཉམས་བཟོ་སོགས་བྱེད་དགོས་ཚེ་ཁ་པར་གཅིག་བརྒྱབ་པ་ཙམ་གྱིས་ཐག་གཅོད་ཐུབ་པས་ཧང་ཅང་སྟབས་བདེ་པོ་འདུག”ཅེས་གྲོང་མིས་བཤད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།