[ English ] [ 中文 ]
0891-6325020
དབུ་ཤོག  པར་མཛོད།

ལྷད་མེད་བརྩེ་བ་ཞིང་འབྲོག་ཁུལ་ལ་བཅངས། གཤམ་སྤེལ་ལྔ་ཡི་བྱེད་སྒོ་གཟབ་རྒྱས་གཉེར།

ཡོང་ཁུངས།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

རྩོམ་པ་པོ།

སྤེལ་དུས།

|

2019-04-20 00:01

  ཉེ་ཆར། རང་ལྗོངས་ཀྱི་2019ལོའི་རིག་གནས་དང་ཚན་རྩལ། འཕྲོད་བསྟེན། བཅའ་ཁྲིམས། རྒྱལ་གཅེས་ཆོས་གཅེས་བཅས་ཀྱི་དྲིལ་བསྒྲགས་ཞབས་འདེགས་ཀྱི“གཤམ་སྤེལ་ལྔའི”གཅིག་སྡུད་དཔེ་སྟོན་བྱེད་སྒོ་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་འབྲོམ་ཐོད་ཤང་གླིང་ལྔ་གྲོང་ཚོར་སྤེལ་བ་རེད། བྱེད་སྒོ་སྤེལ་ཡུལ་དུ། རང་སྐྱོང་ལྗོངས་དང་གྲོང་ཁྱེར་གྱི་འཕེལ་སྒྱུར་ཨུ་ལྷན་དང་སློབ་གསོ། ཚན་རྩལ། ཁྲིམས་འཛིན། འཕྲོད་བསྟེན་བདེ་ཐང་ཨུ་ལྷན། ཚན་རྩལ་འཐུས་ཚོགས་སོགས་ཚན་པས་འོས་འགན་སྨན་བཅོས་དང་། བཅའ་ཁྲིམས། ཚན་རྩལ། འཕྲོད་བསྟེན་བདེ་ཐང་སོགས་ཀྱི་བློ་འདྲི་དང་ལེན་བྱས་པ་མ་ཟད། ཞིང་འབྲོག་པར་དཔེ་དེབ་དང་སྨན་རྫས། ཡིག་ཆས། དྲིལ་བསྒྲགས་ཡིག་ཆ་སོགས་རིན་མི་དགོས་པར་སྤྲད་པ་རེད། རང་སྐྱོང་ལྗོངས་ལྷ་མོ་ཚོགས་པ་དང་གླུ་གར་ཚོགས་པ། གཏམ་བརྗོད་ཟློས་གར་ཚོགས་པ། ཟློས་གར་ཚོགས་པ་བཅས་ཀྱི་རིག་རྩལ་མི་སྣས་མང་ཚོགས་ཆིག་སྟོང་ལྷག་ཙམ་ལ་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་བྱས་པ་རེད། ད་ཐེངས་ཀྱི་བྱེད་སྒོ་ལས་རང་སྐྱོང་ལྗོངས་ཀྱི་2019ལོའི“གཤམ་སྤེལ་ལྔའི”བྱེད་སྒོ་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ་མཚོན་ཡོད།   

འགན་འཁུར་རྩོམ་སྒྲིག་པ།      ཚེ་རྡོར།

མཉམ་སྤྱོད།