[ English ] [ 中文 ]
0891-6325020
དབུ་ཤོག  པར་མཛོད།

ནོར་བུ་ལགས་ཀྱི་སྒྱུ་རྩལ་ལམ་བུ།

ཡོང་ཁུངས།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

རྩོམ་པ་པོ།

གསར་འགོད་པ། བདེ་སྐྱིད་སྒྲོལ་དཀར། ནོར་འཛོམས། ཚེ་བརྟན་རྡོ་རྗེ།

སྤེལ་དུས།

|

2019-08-19 02:13

  དགུང་ལོ་48ལ་སོན་པའི་ནོར་བུ་ལགས་ནི་ཆུང་དུས་ནས་ལོ་རྒྱུས་ཡུན་རིང་ལྡན་པའི་འཚེམ་དྲུབ་ཐང་གའི་སྒྱུ་རྩལ་ལ་དགའ་པོ་ཡོད་མཁན་ཞིག་རེད། ཁོང་དགུང་ལོ་13ལ་ཕེབས་སྐབས་སེ་ར་དགོན་པའི་ཐང་གའི་སྒྱུ་རྩལ་མཁས་ཅན་བློ་བཟང་ལེགས་གྲུབ་ལགས་དགེ་རྒན་ལ་བརྟེན་ནས། སྲོལ་རྒྱུན་འཚེམ་དྲུབ་ཐང་གའི་བཟོ་རྩལ་སློབ་སྦྱོང་གནང་། ལོ་30ཙམ་གྱི་སློབ་སྦྱོང་དང་གསར་རྩོམ་ཁྲོད། དགེ་རྒན་ཆེན་མོ་བློ་བཟང་ལེགས་གྲུབ་ལགས་ཀྱི་མཛུབ་སྟོན་འོག་བློ་རྩེ་གཅིག་སྒྲིམ་གྱིས་འཚེམ་དྲུབ་ཐང་གའི་བཟོ་རྩལ་ལ་སློབ་སྦྱོང་དང་ཞིབ་མཇུག( སེ་ར་དགོན་པའི་ཐང་གའི་བཟོ་རྩལ)གནང་བ་བརྒྱུད། རང་གི་དགེ་རྒན་དང་མཉམ་སྒྲུབ་དང་ཡང་ན་རང་སྒེར་གྱིས་བརྩམས་ཆོས་ཁྱོན་22ལེགས་གྲུབ་གནང་ཡོད་པས། བཟོ་རྩལ་མཛེས་རིག་ལས་རིགས་ཀྱི་གདེང་འཇོག་ཆེན་པོ་ཐོབ་ཡོད།   ལྷ་སའི་ཉང་བྲན་ཤང་སློབ་ཆུང་འགྲམ་དུ་སྟབས་བདེའི་ཁང་པ་ཐོག་གཅིག་མ་ཞིག་གི་ཁང་པའི་གྱང་ངོས་ཐོག་འཚེམ་དྲུབ་ཐང་གས་ཁེངས་ཡོད། ཁང་པ་འདིའི་ནང་ལོ་25ཡས་མས་ཀྱི་ན་གཞོན་མང་པོ་ཡོད་པ་དང་། ཁོང་ཚོ་ཚང་མ་རྒན་ནོར་བུ་ལགས་ཀྱི་དགེ་ཕྲུག་རེད། དེའི་ནང་གི་སློབ་མ་ཁག་གཅིག་རྒན་ནོར་བུ་ལགས་ཀྱི་དྲུང་དུ་ལོ་བད...

འགན་འཁུར་རྩོམ་སྒྲིག་པ།      ཚེ་རྡོར།

མཉམ་སྤྱོད།