[ English ] [ 中文 ]
0891-6325020
དབུ་ཤོག>པར་མཛོད།>པར་མཁན།
  • སྐལ་བཟང་སྒྲོལ་མ། བདེ་སྐྱིད་འཚོ་བ་གུང་ཁྲན་ཏང་གིས་གནང་བ་ཞིག་རེད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-31

    561137_yis_1540359131464_s.jpg

    སྐལ་བཟང་སྒྲོལ་མའི(མདུན་གྱི་དཀྱིལ)ནང་མི་མཉམ་འཛོམས་ཀྱི་འདྲ་པར།

    སྐལ་བཟང་སྒྲོལ་མ་དེ་སྔ་ཆོས་འཁོར་ས་གྲོང་ཚོ་ནས་མིན་པར། ཆོས་འཁོར་ས་གྲོང་ཚོ་དང་ཐག་ཉེ་བའི་འབྲོག་ལས་གྲོང་ཚོ་ཞིག་ནས་རེད། ཁོང་ལོ་8ལ་སླེབས་སྐབས། ཨ་མས་ཁོ་མོས་སྐད་ཆའི་དོན་རྟོགས་མིན་ལ་མ་བལྟོས་པར“ད་ཆ་རང་ཆེན་པོ་ཆགས་ཡོད་པས་ཁྱིམ་ཚང་གི་དཀའ་ངལ་སེལ་རོགས་བྱེད་དགོས”ཞེས་བཤད་ནས་འབྲོག་རར་ལུག་འཚོ་བར་བཏང་།

    ཁོང་གིས་ལོ་8ནས་ལུག་འཚོས་ནས་འཚོ་ཐབས་བྱེད་པ་མ་ཟད། ད་དུང་ཟ་མཁས་འཐུང་མཁས་བྱས་པའི་འབྲུ་རིགས་ཁྱིམ་དུ་འཁྱེར་ནས་གཅུང་པོ་དང་གཅུང་མོར་སྟེར་བའི་སྐོར་གླེང་སྐབས། རྒད་མོས་རང་གི་འགྲམ་གྱི་ཚ་བོ་ཚོར“ཕྲུ་གུ་ཁྱེད་ཚོ་ངོ་མ་སྐྱིད་པོ་རེད། ལོ་བཅུ་གཅིག་བཅུ་གཉིས་ལ་སླེབས་ཀྱང་ད་དུང་ཨ་མའི་པང་དུ་གླགས་ཡུས་བཤད་ནས་སྡོད་རྒྱུ་ཡོད། ད་ཆ་ཁྱིམ་ལ་ཡོང་འབབ་མང་བ་དང་འདོན་འཇུག་འཕྲུལ་འཁོར་གཉིས་ཡོད་ཀྱང་ཕྲུ་གུ་གཅེས་ལང་དུ་འདི་འདྲ་གཏོང་མི་རུང་། འཚོ་བ་ཡག་པོ་སྐྱེལ་ཐུབ་དུས་ངེས་པར་དུ་རྩ་དོན་བརྟན་སྲུང་བྱེད་དགོས”ཞེས་བཤད།

    “ང་ཚོ་ཚང་མས་ཤེས་གསལ། དེ་སྔ་ཨ་མས་ང་ཚོ་སློབ་གྲྭར་བཏང་མེད་ཚེ། ད་ཆའི་འཚོ་བ་དེ་གང་ནས་ཡོང་སྲིད”ཅེས་བུ་རྒན་པ་སྐལ་བཟང་བཀྲ་ཤིས་ཀྱིས་བཤད།

    ཁྱིམ་ཚང་གི་འཚོ་བའི་ཆ་རྐྱེན་ཡག་པོ་མེད་པའི་གནས་ཚུལ་འོག་ཕྲུ་གུ་སློབ་གྲྭར་བཏང་བའི་སྐོར་གླེང་སྐབས་སྐལ་བཟང་སྒྲོལ་མར་སྐད་ཆ་རྫོགས་རྒྱུ་མེད་པ་ཤོད་རྒྱུ་ཡོད། 1964ལོར་གྲོང་ཚོར་སྨན་པ་རྐང་རྗེན་མ་གཅིག་རྫོང་དུ་གསོ་སྦྱོང་ལ་གཏོང་རྒྱུའི་མིང་སྐལ་ཞིག་ཡོད་པ་དང་། སྐལ་བཟང་སྒྲོལ་མ་དེ་སྔ་ཕྱུགས་འཚོ་སྐབས་གཞན་གྱི་ས་ནས་སྨན་བཅོས་ཀྱི་རྒྱུན་ཤེས་ཁག་གཅིག་སློབ་སྦྱོང་བྱེད་མྱོང་བས་རྨང་གཞི་ཕྲན་བུ་ཡོད་རྐྱེན་ཁོ་མོ་གསོ་སྦྱོང་ལ་བཏང་། གསོ་སྦྱོང་བྱེད་རིང་སྐལ་བཟང་སྒྲོལ་མའི་མཐོང་རྒྱ་ཆེ་རུ་ཕྱིན་ནས་ཤེས་བྱའི་སྟོབས་ཤུགས་ཆེན་པོ་ཡིན་པ་ཤེས། ཕྲུ་གུ་སློབ་གྲྭར་འགྲོ་བའི་ལོ་ཚོད་ལ་སླེབས་སྐབས་སྐལ་བཟང་སྒྲོལ་མས་ཕྲུ་གུ་སློབ་གྲྭར་བཏང་བ་དང་སྐབས་དེ་དུས་གྲོང་ཚོར་ཕྲུ་གུ་སློབ་གྲྭར་གཏོང་མཁན་དུད་ཚང་གཅིག་ཀྱང་མེད། རྗེས་སུ་ཁྱིམ་གྱི་ངལ་རྩོལ་ནུས་ཤུགས་མི་འདང་ཡང་སྐལ་བཟང་སྒྲོལ་མས་ཕྲུ་གུ་ཞིང་ལས་བྱེད་པར་སྐད་གཏོང་མྱོང་མེད། ཁོང་གིས་ཕྲུ་གུ་སློབ་གྲྭར་གཏོང་རྒྱུ་རྒྱུན་འཁྱོངས་བྱས་མཐར་འབྲས་བཟང་སྨིན་པ་སྟེ། བུ་རྒན་པ་གྲོང་ཚོའི་སློབ་ཆེན་སློབ་མ་དང་པོ་དང་གྲོང་ཁྱེར་སློབ་འབྲིང་དུ་དགེ་རྒན་བྱེད་མཁན་དང་པོ་དེར་གྱུར། ད་ཆ་འཚོ་བ་བདེ་ཞིང་སྐྱིད་པས་སྐལ་བཟང་སྒྲོལ་མ་སྤོབས་པ་ཆེན་པོ་སྐྱེ་གི་ཡོད། ཁོང་གིས“དེ་དག་ནི་གུང་ཁྲན་ཏང་གིས་ང་ཚོར་གནང་བའི་བདེ་སྐྱིད་ཡིན་པས་གཅེས་སྤྲས་ཡག་པོ་བྱེད་དགོས”ཞེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།