[ English ] [ 中文 ]
0891-6325020
དབུ་ཤོག>པར་མཛོད།>པར་མཁན།
  • བུ་མོ་སྤུན་བདུན་རི་གཤམ་གྱི“ནགས་སྲུང་བའི་ཁྱིམ་ཚང”

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-09

    བུ་མོ་སྤུན་བདུན་རིའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཧུའུ་པེ་ཞིང་ཆེན་ཨེན་ཧྲི་ཐུའུ་ཅ་རིགས་མེའོ་རིགས་རང་སྐྱོང་ཀྲོའུ་ཤོན་ཨེན་རྫོང་ཁོངས་སུ་གནས་ཡོད། ད་བར་དེ་གར་འཚོ་བ་སྐྱེལ་མཁན་མི་800ལྷག་ཙམ་ཡོད་པ་དང་མང་ཆེ་བ་ནགས་སྲུང་བའི་ཁྱིམ་ཚང་རེད། ཀྲང་ཡུང་ཞང་ཡང་གདོད་མའི་ནགས་ཚལ་གྱི“ནགས་སྲུང་བའི་ཁྱིམ་ཚང”གི་གྲས་ཤིག་རེད།

    ལོ་10ཡི་གོང་ཀྲང་ཡུང་ཞང་གིས་ཕའི་ཁ་ཆེམས་བཞིན་ནགས་སྲུང་བ་ཞིག་བྱས་ནས་གདོད་མའི་ནགས་ཚལ་སྲུང་འགོ་ཚུགས། ད་ཆ་ཀྲང་ཡུང་ཞང་དང་ཨ་མ་ཐང་ཅིན་ཀྲི་དང་གཅུང་པོ་ཀྲང་ཡུང་ཧྲེང་གཞུང་ལམ་མེད་པ་དང་སྐབས་འགར་ཁ་པར་གྱི་བརྡ་རྟགས་ཀྱང་མེད་པའི་གདོད་མའི་ནགས་ཚལ་དུ་འཚོ་བ་བསྐྱལ་ནས་མེ་ཟོན་སྔོན་འགོག་དང་སྣོད་བཅུད་སྲུང་སྐྱོང་གི་ལས་འགན་ཕྲག་ཏུ་ཁུར་ཡོད། དེ་དང་ཆབས་ཅིག ཁོ་ཚོས་ཆོག་མཆན་མ་ཐོབ་པར་ཡོང་མཁན་གྱི་ཡུལ་སྐོར་བར་དེ་གར་ཡོང་མི་ཆོག་པའི་བསླབ་བྱ་བྱེད་པ་མ་ཟད། རིར་བསྐྱོད་ནས་ཚན་རིག་རྟོག་ཞིབ་བྱེད་མཁན་ཚན་ཞིབ་སུའོ་ལ་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་འགན་ལེན་ཡང་བྱེད་ཀྱི་ཡོད།

    629540_yis_1559723876994.jpg

     འདི་ནི་ཀྲང་ཡུང་ཞང་གིས་བུ་མོ་སྤུན་བདུན་རི་གཤམ་དུ་རྒྱུན་གཏན་བཞིན་སྐོར་གཡེང་བྱེད་བཞིན་པ།

    629539_yis_1559723876682.jpg

     འདི་ནི་ཀྲང་ཡུང་ཞང་གིས་སྐོར་གཡེང་བྱེད་རིང་བྲག་ཆུ་བཏུངས་ནས་སྐོམ་པ་སེལ་བཞིན་པ།

    629538_yis_1559723876464.jpg

     འདི་ནི་ཀྲང་ཡུང་ཞང(གཡོན)གིས་བུ་མོ་སྤུན་བདུན་རིའི་དོ་དམ་ཅུས་ཀྱི་ལས་དོན་མི་སྣ་དང་མཉམ་དུ་ཤིང་སོན་འཁྲུ་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།