[ English ] [ 中文 ]
0891-6325020
དབུ་ཤོག>པར་མཛོད།>པར་མཁན།
  • བོད་རང་སྐྱོང་ལྗོངས་ལན་ཆིའུ་སྤོ་ལོའི་མཐུན་ཚོགས་བཙུགས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-28

    665471_yis_1569557173085_s.jpg

    ཟླ་9ཚེས་26ཉིན་བོད་རང་སྐྱོང་ལྗོངས་ལན་ཆིའུ་སྤོ་ལོའི་མཐུན་ཚོགས་ལྷ་སར་བཙུགས་པ་དང་། འཛུགས་སྐྱོང་ཚོགས་ཆེན་ཐོག《བོད་རང་སྐྱོང་ལྗོངས་ཀྱི་ལན་ཆིའུ་སྤོ་ལོའི་མཐུན་ཚོགས་ཀྱི་སྒྲིག་ཡིག》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ལས་འཛིན་ལྷན་ཚོགས་སྐབས་དང་པོ་ཡང་བདམས་ཐོན་བྱུང་སྟེ་ཕུན་ཚོགས་རྒྱལ་མཚན་བོད་ཀྱི་ལན་ཆིའུ་སྤོ་ལོའི་མཐུན་ཚོགས་ཀྱི་ཀྲུའུ་ཞིར་བདམས་པ་རེད། 

    འདི་ནི་ཉིན་དེར་བོད་རང་སྐྱོང་ལྗོངས་ལན་ཆིའུ་སྤོ་ལོའི་མཐུན་ཚོགས་ཀྱི་དྲུང་ཆེ་ངག་དབང་དགེ་འདུན(གཡོན)གྱིས་བོད་ཀྱི་ལན་ཆིའུ་སྤོ་ལོའི་མཐུན་ཚོགས་ཀྱི་ཚབ་བྱས་ཏེ་ཀྲུང་གོ་ལན་ཆིའུ་སྤོ་ལོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་མིན་ཧྥེང་གིས་སྤྲད་པའི་བྱང་བུ་ལེན་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་9ཚེས་26ཉིན་གློག་འཕྲིན་འབྱོར་གསལ། བོད་རང་སྐྱོང་ལྗོངས་ལན་ཆིའུ་སྤོ་ལོའི་མཐུན་ཚོགས་ཚེས་26ཉིན་ལྷ་སར་བཙུགས་པ་རེད།

    མཐུན་ཚོགས་བཙུགས་པའི་ཚོགས་ཆེན་ཐོག《བོད་རང་སྐྱོང་ལྗོངས་ཀྱི་ལན་ཆིའུ་སྤོ་ལོའི་མཐུན་ཚོགས་ཀྱི་སྒྲིག་ཡིག》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ལས་འཛིན་ལྷན་ཚོགས་སྐབས་དང་པོ་ཡང་བདམས་ཐོན་བྱུང་སྟེ་ཕུན་ཚོགས་རྒྱལ་མཚན་བོད་ཀྱི་ལན་ཆིའུ་སྤོ་ལོའི་མཐུན་ཚོགས་ཀྱི་ཀྲུའུ་ཞིར་བདམས་པ་རེད།

    བོད་ཀྱི་ལན་ཆིའུ་སྤོ་ལོའི་མཐུན་ཚོགས་ཀྱིས“ལན་ཆིའུ་སྤོ་ལོའི་ལུས་རྩལ་ཁྱབ་གདལ་དང་། ལན་ཆིའུ་སྤོ་ལོའི་ཤེས་ལྡན་པ་གསོ་སྐྱོང་། ལན་ཆིའུ་སྤོ་ལོའི་ཐོན་ལས་སྐུལ་འདེད། ལས་རིགས་ཀྱི་རང་གཅུན་ལ་ཤུགས་སྣོན”བཅས་ཀྱི་བླང་བྱ་ལྟར། ལན་ཆིའུ་སྤོ་ལོའི་ལུས་རྩལ་གྱི་སྤྱི་ཚོགས་ཅན་དང་། ཁྲོམ་ར་ཅན། ཐོན་ལས་ཅན་བཅས་ཀྱི་འཕེལ་རྒྱས་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱས་ནས་བོད་ཀྱི་ལན་ཆིའུ་སྤོ་ལོའི་ལུས་རྩལ་ཁྱབ་གདལ་ལ་སྔར་བས་སྐུལ་མ་གཏོང་སྲིད།

    ཤེས་རྟོགས་བྱུང་བ་ལྟར་ན། བོད་ཀྱི་ལན་ཆིའུ་སྤོ་ལོའི་མཐུན་ཚོགས་ཀྱིས་འབྲེལ་ཡོད་ཀྱི་ཚད་གཞི་དང་དོ་དམ་བྱེད་ཐབས་བཟོས་ཏེ་ལས་རིགས་ཀྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་། རིམ་པ་ཁག་གི་འགྲན་བསྡུར་སྒྲིག་འཛུགས་བྱས་ཏེ་རྒྱལ་ནང་གི་ཆུ་ཚད་མཐོ་བའི་འགྲན་དོན་གཉེར་རོགས་བྱེད་པ། ཤན་འབྱེད་པ་དང་། རྩལ་ཁྲིད་པ། ལུས་རྩལ་བ་བཅས་ཀྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། གཞོན་ནུ་ལོ་ཆུང་གཙོ་གནད་དུ་བྱས་པའི་དམངས་ཚོགས་ཀྱི་ལན་ཆིའུ་སྤོ་ལོའི་ལུས་རྩལ་གོང་འཕེལ་གཏོང་བ་བཅས་བྱ་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།