[ English ] [ 中文 ]
0891-6325020
དབུ་ཤོག  པར་མཛོད།  གཟའ་འཁོར་རེའི་མཐོང་ཚོར།

ཀྲུང་གོའི་ཞིང་པའི་ལོ་ལེཌ་དུས་ཆེན་ཐེངས་དང་པོའི་བོད་ཀྱི་པར་རིས་གདམ་བཀོད།

ཡོང་ཁུངས།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

རྩོམ་པ་པོ།

སྤེལ་དུས།

|

2018-12-09 17:30

  འདི་ལོ་ནས་བཟུང་། རང་རྒྱལ་གྱིས་ལོ་རེའི་ལུགས་རྙིང་ལོ་ཐོའི་སྟོན་མཉམ་གྱི་དུས་ཚིགས་དེ་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་ལ་གཏན་འཁེལ་བྱས་པ་དང་། དེ་ནི་རྒྱལ་ཁབ་ཀྱིས་ཆེད་མངགས་ཞིང་པར་གཏན་འབེབས་བྱས་པའི་དུས་ཆེན་ཞིག་ཡིན་པ་རེད།ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས“ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག”གི་འཐབ་ཇུས་མཐའ་འཁྱོངས་དང་ལོ་གསུམ་བསྟུད་མར་འབྲུ་རིགས་ཐོན་འབབ་ཏུན་ཁྲི་100ཡན་ཟིན་རྒྱུ་རྒྱུན་འཁྱོངས་བྱས་པས། འབྲུ་རིགས་དང་ལྷག་པར་དུ་ནས་ཀྱི་བདེ་འཇགས་འགན་ལེན་ཐུབ་ཡོད། འབྲས་ལྡན་སྟོན་གྱི་དུས་ནི་མཛེས་སྡུག་ལྡན་ཞིང་མི་རྣམས་དགའ་བ་སྐྱེ་བའི་དུས་ཤིག་རེད། སྙེ་མའི་མགོ་ལྕོག་ལྡེམ་ལྡེམ་དུ་གཡོ་ཞིང་། ནས་ཀྱི་དྲི་ཞིམ་ལྷང་ལྷང་དུ་འཐུལ་བ་ནི་ཞིང་པས་དཀའ་སྤྱད་རྔུལ་ཆུར་བརྟེན་ནས་བྱུང་བའི་འབྲས་བཟང་ཞིག་རེད། འབྲས་ལྡན་གྱི་དུས་བཟང་འདིར་བོད་དུ་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་ཐེངས་དང་པོ་བཏང་བ་རེད།

འགན་འཁུར་རྩོམ་སྒྲིག་པ།      ཚེ་རྡོར།

མཉམ་སྤྱོད།